ཀུ་ཤུ་ཁ་པར་གྱི་ཇུས་འགོད་བསྒྱུར་བཅོས།

ཁ་སང་དེ་རིང་། མི་མང་པོས་ཀུ་ཤུ་ཁ་པར་ཐོན 17 དངོས་སུ་འགྲེམས་སྟོན་བྱས་པ་དེར་དོ་སྣང་བྱེད་ཀྱི་ཡོད་སྲིད་མོད། དེ་ལས་ཀྱང་། དོ་སྣང་བྱ་རིན་ཡོད་པ་ཞིག་ནི། 2026ལོའི་ལོ་མཇུག་ཏུ་འགྲེམས་སྤེལ་བྱ་འཆར་ཡོད་པའི་ཀུ་ཤུ་ཁ་པར་གྱི་ཉེར་སྤྱོད་མ་ལག་ཐོན་ iOS27 དེ། ཆེས་ཐོག་མའི་ལྟེབ་ཆོག་པའི་ཀུ་ཤུ་ཁ་པར་གཙོ་གནད་དུ་བཟུང་སྟེ་འཆར་འགོད་བྱེད་རྒྱུ་ཡིན་པའི་གནས་ཚུལ་དེ་རེད།

ལྟེབ་ཆོག་པའི་ཀུ་ཤུ་ཁ་པར་གྱི་རིན་གོང་ནི་ཨ་སྒོར་2000 ནས་འགོ་འཛུགས་རྒྱུ་ཡིན་པའི་སྐད་ཆ་ཐོན་ཡོད་སྟབས། ད་ལྟའི་བར་གྱི་ཀུ་ཤུ་ཁ་པར་རིན་གོང་ཆེ་ཤོས་དེ་ཆགས་རྒྱུ་ཡིན་པ་རེད། iOS 27 དེ་ད་ལོའི་ལོ་དཀྱིལ་ནས་འཕེལ་རྒྱས་གཏོང་འགོ་ཚུགས་ཡོད་ལ། 2026ལོའི་ལོ་མཇུག་ཏུ་ལྟེབ་ཆོག་པའི་ཀུ་ཤུ་ཁ་པར་གྱི་ནང་དུ་དངོས་སུ་འགྲེམས་སྤེལ་བྱེད་རྒྱུ་རེད་འདུག  

ཀུ་ཤུ་བཟོ་ཚོང་ཁང་གིས་ལྟེབ་ཆོག་པའི་ཀུ་ཤུ་ཁ་པར་འཆར་འགོད་བྱེད་དགོས་དོན་ནི། གཅིག་ནས་ལོ་ངོ་བདུན་བསྟུན་མའི་རིང་ལ་ལྷོ་ཀོ་རི་ཡའི་སེམས་སོང་བཟོ་ཚོང་ཁང་གིས་རྒྱལ་སྤྱིའི་སྟེང་གི་ལྟེབ་ཆོག་པའི་ཁ་པར་གྱི་ཁྲོམ་ར་དབང་སྒྱུར་བྱས་པ་དང་། གཉིས་ནས་རྒྱལ་ནང་ནས་འདོན་སྤེལ་བྱས་པའི་ཁ་པར་དག་གིས་ཀུ་ཤུ་ཁ་པར་ལ་འགྲན་སློང་བྱས་པ། གསུམ་ནས་ཀུ་ཤུ་ཁ་པར་འཛད་སྤྱོད་པ་ཚོས་ལྟེབ་ཆོག་པའི་ཁ་པར་འདོན་སྤེལ་བྱེད་དགོས་པའི་རེ་སྐུལ་ཞུས་པ་སོགས་ལ་གཞིར་བཞག་ནས་ཐག་གཅོད་བྱས་པ་ཞིག་ཏུ་སྣང་། 

ཀུ་ཤུ་བཟོ་ཚོང་ཁང་གིས། iOS 27 ཡི་ནང་དུ་ལས་ཀ་སྣ་ཚོགས་དུས་མཉམ་གཅིག་ཏུ་བྱེད་ཐུབ་པ་དང་མཉེན་ཆས་ཕན་ཚུན་བར་ཕར་འགྲོ་ཚུར་འོང་བྱེད་དུས་དཀའ་ངལ་གང་ཡང་མི་འཕྲད་པ་ཞིག་བཟོ་རྒྱུའི་ཁས་ལེན་བྱས་ཡོད་པ་དང་། མཁྲེགས་ཆས་དང་མཉེན་ཆས་གཉིས་ཀའི་ངོས་ཐད་ནས་ལེགས་བཅོས་བྱས་པ་བརྒྱུད་སྔར་ཡོད་ཀྱི་ཁྲོམ་རའི་ནང་གི་ལྟེབ་ཆོག་པའི་ཁ་པར་དག་གི་ཞན་ཆ་དག་སེལ་བྱས་ཏེ་འཛད་སྤྱོད་པ་འགུག་འཆར་ཡོད་པ་རེད། 

ལྟེབ་ཆོག་པའི་ཀུ་ཤུ་ཁ་པར་གྱི་གཙོ་གནད།

  1. ནམ་རྒྱུན་གྱི་ངོ་གདོང་ངོས་འཛིན་གྱི་ཚབ་ཏུ་ཁ་པར་གྱི་ཟུར་ངོས་སུ་མཛུབ་མོས་རེག་ཐུག་བརྒྱུད་ནས་ངོ་བོ་བདེན་དཔང་བྱེད་ཆོག་པའི་འགྱུར་བ་ཞིག་བཏང་ཡོད། 
  2. 48MP ཤུགས་ཚད་ལྡན་པའི་པར་ཆས་གཉིས་གསུམ་རེ་རྒྱབ་ཏུ་ཡོད་ངེས་པའི་ཚོད་དཔག་བྱེད་ཀྱི་ཡོད། 
Leave a Reply

Your email address will not be published. Required fields are marked *