ཧྭ་ཝེ Pura80

འདྲ་པར་ལེན་རྒྱུར་དམིགས་འབེན་དུ་བཟུང་བའི་ཧྭ་ཝེ་བཟོ་ཚོང་ཁང་གི་ཁ་པར་ཐོན་རིམ་ཁག་ཅིག་དངོས་སུ་འགྲེམས་སྟོན་གནང་ཡོད་པ་དེ་དག་གི་ནང་དུ། ཚད་མཐོ་བའི་པར་ལེན་ལག་རྩལ་དང་། HarmonyOS 5.1་ཉེར་སྤྱོད་མ་ལག་བེད་སྤྱོད་བྱེད་ཀྱི་ཡོད།

ཧྭ་ཝེ Pura80 ཐོན་རིམ་ཁག་གི་རིན་གོང་དམངས་སྒོར་6499 ནས་9999་བར་ཡིན། ཧྭ་ཝེ་ཚང་གི་ཁ་པར་ཐོན་རིམ་འདིས། ཀུ་ཤུ་དང་སེམས་སོང་ལྟ་བུའི་སྤུས་དག་ལག་ཐོགས་ཁ་པར་འདོན་མཁན་གྱི་ཚོང་རྟགས་ཁག་གི་རྒྱལ་སྤྱིའི་ཚོང་རར་འགྲན་རྩོད་བྱེད་འདོད་ཡོད་པ་མཚོན་གྱི་ཡོད་ལ། རྒྱལ་སྤྱིའི་སྟེང་དུ་ཧྭ་ཝེ་ཐོན་རྫས་ཕྱིར་འདྲེན་བྱེད་པར་བཀག་སྡོམ་བྱས་ཡོད་མེད་ལ་མ་ལྟོས་པར། རྒྱལ་ནང་གི་ཁ་པར་གྱི་ཉིང་ལྷེབ་དང་པར་ལེན་གྱི་ནུས་པའི་ཐད་ནས་གསར་གཏོད་དང་ཡར་རྒྱས་བཏང་བའི་ཐོག་ནས་མཐོ་རིམ་ཚོང་རའི་བགོ་སྐལ་བསྐྱར་ལེན་བྱེད་པར་ཡིད་ཆེས་ཆེ་རུ་ཕྱིན་པ་གསལ་སྟོན་བྱས་ཡོད།

ཁ་པར་ཐོན་རིམ་འདིའི་ནང་དུ་ཧྭ་ཝེའི་ཉེར་སྤྱོད་མ་ལག་གསར་ཤོས་HarmonyOS 5.1 བཀོལ་སྤྱོད་བྱེད་ཀྱི་ཡོད་ལ། འདི་ནི། ཀུ་ཤུའི ་iOS་མ་ལག་དང་ཨན་ཌོ་མ་ལག་གཉིས་ཀ་ལས་ལོགས་སུ་ཡར་རྒྱས་གཏོང་བཞིན་པའི་འཛམ་གླིང་སྟེང་གི་ཁ་པར་གྱི་ཉེར་སྤྱོད་མ་ལག་གཙོ་བོ་ཨང་གསུམ་པ་དེ་ཆགས་ཡོད།

ཁ་པར་ཐོན་རིམ་འདི་དག་གི་ནང་གི་པར་ལེན་གྱི་ནུས་པ་དང་གསལ་ཚད་ཧ་ཅང་ཚད་མཐོ་བོ་ཡོད་པར་བསྒྲགས་ཀྱི་ཡོད་ལ། སྡིངས་ཆའི་སྟེང་གི་འཁྲབ་སྟོན་རིགས་རྒྱང་རིང་ནས་པར་གསལ་པོ་ལེན་ཐུབ་པ་དང་། འོད་འདང་ངེས་མེད་པའི་ཁོར་ཡུག་གི་ཁྲོད་དུ་རྒྱང་རིང་གི་བྱ་དངོས་རིགས་པར་གསལ་པོ་ལེན་ཐུབ་པའི་ནུས་པ་ཡོད་འདུག


ཧྭ་ཝེ Pura80 ཁ་པར་གྱི་བཟང་ཆ།

  1. འཆར་ཤེལ་གྱི་སྤུས་ཚད་མཐོ་བ་དང་། པར་ཆས་སྒྲིག་བཀོད་ཕུལ་དུབྱུང་བ།
  2. ཤེལ་གྱི་གཞི་སྒྲོམ་བཟོ་སྐྲུན་དང་། ཐལ་རྡུལ་དང་ཆུ་འགོག་གི་ནུས་པ IP68/IP69
  3. གློག་རྫས་ཀྱི་ནུས་པ་ཆེ་བས་གློག་རྒྱུན་རིང་པོར་འདང་བ།

ཞན་ཆ།

  1. ནང་གསོག་རྒྱ་བསྐྱེད་བྱེད་ཐུབ་པའི་ཁྱད་ཆོས་མེད།
  2. ཉིང་ལྷེབ Kirin 9020 ཡག་པོ་ཡོད་རུང་། སེམས་སོང་དང་བསྡུར་ན་ད་དུང་རྗེས་ལུས་ཐེབས་ཡོད།
  3. HarmonyOS ཉེར་སྤྱོད་མ་ལག་ལ་གྷོ་གྷིལ་གྱི་ཞབས་ཞུ་གང་ཡང་མེད་པས། རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སུ་བཀོལ་རྒྱུར་དཀའ་ངལ་ཆེ་བ་བཅས་སོ།།

ཟུར་མཆན། 2025ལོའི་ལོ་མགོའི་ཟླ་བ་བཞིའི་ནང་དུ། རྒྱལ་ནང་གི་ཁ་པར་ཚོང་འདྲེན་གྱི་གྲངས་ཀ་ས་ཡ་71.6ཟིན་པ་དེ་ལོ་སྔོན་མ་དང་བསྡུར་ན། བརྒྱ་ཆ་3.3%ཡར་འཕར་ཡོད་པ་རེད།

2025ལོའི་རྒྱལ་ནང་གི་ཁྲོམ་རར་རྒྱུགས་ཆེ་བའི་ཁ་པར་གྱི་ཚོང་རྟགས་གཙོ་བོ་ལྔ་གཤམ་གསལ་ལྟར་ཡིན།

Leave a Reply

Your email address will not be published. Required fields are marked *