གསང་མྱུལ་དྲ་འབུ་ཕྱིར་འདོན་བྱེད་སྟངས།✅

མུ་འགོད་རྩོམ་ཡིག་ཁག་བཞི་པ།

གསང་མྱལ་དྲ་འབུ་ཁ་པར་ནས་ཕྱིར་འདོན་བྱེད་སྟངས་ཀྱི་སྤྱིར་བཏང་གི་ཐབས་ལམ་ཁག་ཅིག་གླེང་ན།

ང་པོ། གསང་གྲངས་བརྗེ་དགོས།

གལ་ཏེ། ཁྱེད་ཀྱི་མ་ལག་གི་ནང་དུ་གསང་མྱུལ་དྲ་འབུ་འཛུལ་ཡོད་ཚེ། འཇབ་རྒོལ་པར་ཁྱེད་ཀྱི་མ་ལག་ལ་སྟངས་འཛིན་བྱེད་པའི་དབང་ཚད་ཐོབ་ཚར་ཡོད་ངེས་པས། ཀུ་ཤུ་ཁ་པར་དང་ཨན་ཌོ་ཁ་པར། དེ་བཞིན་རྩིས་འཕྲུལ་སོགས་གང་ཡིན་རུང་། དེ་ཚོའི་ནང་གི་གསང་གྲངས་ཡོངས་རྫོགས་ངེས་པར་དུ་བརྗེདགོས།    དཔེར་ན། ཁ་པར་ནང་འཛུལ་གྱི་གསང་གྲངས་དང་། བིམ་མཛོད་ཀྱི་གསང་གྲངས། ཡིག་ཟམ་གྱི་གསང་གྲངས་ལྟ་བུ།

གཉིས་པ། དོགས་གཞི་ཡོད་པའི་མཉེན་ཆས་ཕྱིར་འདོན་བྱེད་དགོས།   

རང་ཉིད་ཀྱིས་ཕབ་ལེན་བྱས་མྱོང་མེད་པའི་མཉེན་ཆས་དང་། དོགས་གཞི་ཅན་གྱི་མཉེན་ཆས་དེ་འདྲ་རང་ཉིད་ཀྱི་ཁ་པར་ནང་དུ་ཡོད་པ་དོ་སྣང་བྱུང་ཚེ། དེ་ཚོ་དེ་མ་ཐག་མེད་པར་བཟོ་དགོས།


གསུམ་པ། ཉེར་སྤྱོད་མ་ལག་གསར་སྣོན་བྱེད་དགོས།


ཁ་པར་གྱི་ཉེར་སྤྱོད་གསར་སྣོན་བྱེད་དགོས་མིན་ཐད་ལ་མང་པོ་ཞིག་གི་སེམས་ནང་དུ་དོགས་པ་ཡོད་རུང་། བདེ་འཇགས་ཀྱི་ཐད་ནས་བཤད་ན། གསར་སྣོན་བྱེད་རྒྱུ་ནི། ནམ་ཡང་རྣམ་གཡེང་དང་སྣང་མེད་དུ་གཏོང་མི་རུང་བའི་ལས་ཀ་གལ་ཆེན་ཞིག་ཡིན། གང་ཡིན་ཞེ་ན། གསར་སྣོན་བྱས་ན། མ་ལག་ཁོངས་ཀྱི་སྐྱོན་ཆ་རིགས་དག་སེལ་བྱེད་ཐུབ་པས། ནད་དུག་འགོག་སྲུང་བྱེད་པར་ཕན་པ་མ་ཟད། མ་ལག་ཐོན་གསར་པའི་ཁོངས་སུ་ཁ་སྣོན་བྱས་ཡོད་པའི་ཁྱད་ཆོས་ཁག་ལོངས་སུ་སྤྱོད་ཐུབ།

བཞི་པ། ནད་དུག་འགོག་ཆས་བཀོལ་དགོས།


མི་མང་པོ་ཞིག་གིས་རང་ཉིད་ཀྱི་གློག་ཆས་ལ་ནད་དུག་མ་ཕོག་པའི་ཆེད་དུ། ནད་དུག་འགོག་བྱེད་ཀྱི་མཉེན་ཆས་རིགས་བཀོལ་སྤྱོད་བྱེད་སྲོལ་ཡོད། མཉེན་ཆས་དེ་དག་མང་ཆེ་བ་ཞིག་རིན་པ་སྤྲད་ནས་ཉོ་དགོས་ཀྱི་ཡོད་ལ། རིན་མེད་ཡིན་མཁན་ཧ་ཅང་ཉུང་། རིན་མེད་ཚོའི་ནང་ནས་ལྟ་ཞིབ (Lookout)་ཟེར་བའི་མཉེན་ཆས་འདི་ཡག་པོ་ཡོད་པར་གཅིག་མཐུན་གྱི་ཐོག་ནས་ངོས་འཛིན་བྱེད་ཀྱི་ཡོད། གལ་ཏེ། ཁྱེད་ཀྱིས་ལྟ་ཞིབ་མཉེན་ཆས་ཨན་ཌོ་མ་ལག་གི་ནང་དུ་ཕབ་ལེན་བྱེད་འདོད་ཚེ། གློག་ཀླད་དྲ་ཚིགས་ངོས་སུ་ཕེབས་རོགས། https://loklad.lamyiq.com/apps/lookout/
གསལ་བཤད། ཀུ་ཤུ་ཁ་པར་ནང་དུ་ཕབ་ལེན་བྱེད་མི་ཐུབ་བོ།།

ལྔ་པ། མ་ལག་བསྐྱར་སྒྲིག་བྱེད་དགོས།


གོང་གི་ཐབས་ལམ་ཡོངས་རྫོགས་ལག་བསྟར་བྱུང་རུང་། ད་དུང་རང་ཉིད་ཀྱི་ཁ་པར་ནང་དུ་གསང་མྱུལ་དྲ་འབུ་འཛུལ་ཡོད་པའི་དོགས་པ་ཡོད་ཚེ། ཁ་པར་གྱི་མ་ལག་བསྐྱར་སྒྲིག་བྱེད་རྒྱུ་ནི་རང་ཉིད་སྲུང་སྐྱོབ་བྱེད་སྟངས་ཀྱི་ལམ་ཁ་ཡག་ཤོས་དེ་ཡིན། འོན་ཀྱང་། བསྐྱར་སྒྲིག་བྱས་ན། ཁ་པར་དང་ཐོག་ཉོ་སྐབས་ག་འདྲ་ཡོད་པ་དེ་ལྟར་ཆགས་འགྲོ་བས། བསྐྱར་སྒྲིག་མ་བྱས་གོང་རང་ཉིད་ཀྱི་ཁ་པར་ནང་གི་གཞི་གྲངས་ཡོངས་རྫོགས་ཟུར་དུ་རྩིས་འཕྲུལ་ལྟ་བུ་ཞིག་གི་ནང་དུ་ཉར་ཚགས་བྱེད་རྒྱུ་གལ་ཆེ།
མ་ལག་བསྐྱར་སྒྲིག་བྱེད་སྟངས་ནི། སྒྲིག་འགོད། > རྒྱུན་སྤྱོད། > བརྒྱུད་གཏོང་དང་བསྐྱར་སྒྲིག > སྒྲིག་འགོད་དང་ནང་དོན་ཡོངས་རྫོགས་བསུབ།

Leave a Reply

Your email address will not be published. Required fields are marked *