སེམས་སོང Galaxy Z Fold 6

Samsung Galaxy Z Fold 6 ཁ་པར་འདི་ཧ་ཅང་སྲབ་ལ། ཡང་བ་མ་ཟད། མཁྲེགས་པོ་ཡོད།

ཁ་པར་འདིའི་བཟོ་བཀོད་ནི་Phone 14 Pro Max དང་འདྲ་ལ ཁ་པར་ཁ་བརྒྱབ་པའི་ཚེ་ཡང་མཐུག་པོ་མེད། མདུན་གྱི་འཆར་ཤེལ་དེ་ལི་སྨི 16 ཡོད་པས་ཡི་གེ་གཏགས་དུས་དཀའ་ངལ་ཉུང་བ་ཚོར་གྱི་ཡོད། གྷ་ལེག་སིའི་མིས་བཟོས་རིག་ནུས་གསར་པའི་ཁྱད་ཆོས་ཁག་དང་། ལྷག་པར་དུ་སྐད་སྒྱུར་དང་བྲིས་པའི་རི་མོ་པར་རིས་སུ་བསྒྱུར་བའི་ཁྱད་ཆོས་དེ་ཚོ་ངོ་མ་ཡིད་དབང་འཕྲོག་པ་ཞིག་ཡོད། ལྟེབས་ཆོག་པའི་ཁ་པར་འདིའི་ལྗིད་ཚད་ཀྱང་ཀུ་ཤུ་ཁ་པར་iPhone 14 Pro Max དང་གཅིག་པ་ཡིན་རུང་། ། ཁུག་མའི་ནང་བླུགས་ཏེ་འཁྱེར་ན་ཀུ་ཤུ་ཁ་པར་ལས་སྟབས་བདེ་བ་ཡོད།

འཆར་ཤེལ་གྱི་གསལ་ཚད།
སེམས་སོང་ཁ་པར་གསར་པ་འདིའི་འཆར་ཤེལ་གྱི་གསལ་ཚད་ནི་2,600 nits ཡིན་པས། ཨན་ཌོ་ཁ་པར་གཞན་དག་ལས་ཁྱད་དུ་འཕགས་པ་ཡིན། གཤམ་དུ་ཨན་ཌོ་ཁ་པར་ཁག་ཅིག་གི་གསལ་ཚད་གསལ་སྟོན་བྱས་ཡོད།

Galaxy Z Fold 62,317 nits
Galaxy Z Fold 51,535 nits
OnePlus Open 721 nits
Google Pixel Fold1,030 nits

ཁྱེད་ཀྱིས་འཆར་ཤེལ་གྱི་སྟེང་ནས་མཉེན་ཆས་བརྒྱད་དུས་གཅིག་ལ་བཀོལ་སྤྱོད་བྱེད་ཐུབ་པ་དང་། ཁ་པར་ཁ་ཕྱེ་ཚེ་རྩིས་འཕྲུལ་ལེབ་མོ་ལྟར་བེད་སྤྱོད་གཏོང་ཐུབ། ཁྱེད་ཀྱིས་ཡིག་གདན་གྱི་ནང་དུ་ལས་ཀ་ཞིག་བྱེད་ཀྱི་ཡོད་འདྲ། གློག་བརྙན་ལྟ་གི་ཡོད་ཀྱང་རུང་། གང་ལྟར་ཧ་ཅང་གསལ་བའི་འཆར་ངོས་ལོངས་སུ་སྤྱོད་ཆོག

མིས་བཟོས་རིག་ནུས་ཁྱད་ཆོས།
ཁ་པར་འདིའི་ནང་གི་མིས་བཟོས་རིག་ནུས་ཀྱི་ཁྱད་ཆོས་གཙོ་བོ་གཅིག་ནི། རང་གིས་བྲིས་པའི་རི་མོ་ཞིག་མིས་བཟོས་རིག་ནུས་སྤྱད་དེ་སྐར་ཆ་ཁ་ཤས་ཀྱི་ནང་དུ། སྣུམ་ཚོན་རི་མོ་དང་པར་རིས། འགུལ་རིས་སོགས་ལ་བསྒྱུར་ཐུབ་པ་དེ་ཡིན། དཔེར་ན། རང་ཉིད་ཀྱི་པར་ཞིག་གི་སྟེང་དུ། བྱེའུ་ཞིག་བྲིས་པ་ཡིན་ན། རི་མོ་དེ་སྐར་ཆ་ཁ་ཤས་ཀྱི་ནང་དུ། བྱེའུ་ངོ་མ་ལྟ་བུར་བསྒྱུར་ཐུབ་ཀྱི་ཡོད་པ་འོག་གི་པར་ནང་གསལ་ལྟར་ཡིན།


དེ་མ་ཟད། དྲ་སྟེང་གི་ཡིག་ཆ་དང་། རྩོམ་ཡིག གསར་འགྱུར་སོགས་ཀྱི་ནང་དོན་སྙིང་བསྡུས་ཁྱེད་ལ་མཁོ་འདོན་བྱེད་ཐུབ་ཀྱི་ཡོད་པ་དེ་ཕན་ཐོགས་ཆེན་པོ་ཡོད།

མཐའ་མ་དེ་ལ་Z Fold 6 སྟེང་གི་སྐད་སྒྱུར་མཉེན་ཆས་དེས་མི་ཕན་ཚུན་བར་སྐད་ཡིག་འདྲ་མིན་གྱི་ནང་དུ་ཁ་བརྡ་བྱས་ཚེ། དེ་དུས་ཐོག་ཏུ་སྐད་སྒྱུར་བྱེད་ཐུབ་ཀྱི་ཡོད།

འཆར་ཤེལ།16cm
གསོག་བྱང་། 256, 512GB or 1TB
ཉེར་སྤྱོད་མ་ལག Android 14
པར་ཆས།1,030 nits
དྲ་བའི་འབྲེལ་མཐུད།5G བྱང་བུ་གཉིས། གློག་རྡུལ་བྱང་བུ། USB wifi 6E, NFC, Bluetooth 5.3
ཆུ་འགོག་ནུས་པ།IP48(གཏིང་ཚད་ལ་རྨིད་1.5་ཡོད་པའི་ཆུ་ནང་དུ་སྐར་མ་30་རིང་གནས་ཐུབ།)
ལྟེབས་ཚར་བའི་བོངས་ཚད།153.5 x 68.1 x 12.1mm
ཁ་ཕྱེ་ཚར་བའི་བོངས་ཚད།153.5 x 132.6 5.6mm
ལྗིད་ཚད། 239g
སྐབས་བསྟུན་གསོག་ཆས(RAM) 12GB


བཟང་ཆ།

  • ཡང་ཞིང་སྲབ།
  • ཁ་པར་གྱི་ཚེ་ཚད་ཡར་རྒྱས་བཏང་ཡོད།
  • བྱེད་ལས་སྣ་ཚོགས་དུས་གཅིག་ཏུ་རྩོམ་པར་དཀའ་ངལ་མེད།
  • འཆར་ཤེལ་སྤུས་ཚད་ཡར་རྒྱས་བཏང་ཡོད།
  • མིས་བཟོས་རིག་ནུས་ཀྱི་ཁྱད་ཆོས་ཁ་སྣོན་བྱས་ཡོད།

ཞན་ཆ།

  • -པར་ཆས་ཀྱི་སྤུས་ཚད་བཟང་ཡང་། དེ་འདྲ་ཧང་སངས་རྒྱུ་མེད། རིན་གོང་ཆུང་བའི་ཁ་པར་གྱི་ནང་དུའང་པར་ཆས་འདི་ལས་བཟང་བ་ཡོད།
  • -གློག་གི་འདང་ཚད་ཡང་དེ་ཙམ་ཡར་རྒྱས་བཏང་མེད།
  • ཁ་པར་ཐོན་སྔོན་མ་དང་བསྡུར་ན། ཨ་སྒོར་100 གོང་ཆེ་བ་ཡོད་།
  • གློག་གསོག་ཚད་དེ་འདྲ་མགྱོགས་པོ་མེད།
  • རིན་གོང་ཆེ་རུང་། ནམ་རྒྱུན་གྱི་ཁ་པར་དང་བསྡུར་ན། རྒྱུན་རིང་པོར་མི་འདང་།
Leave a Reply

Your email address will not be published. Required fields are marked *