ཀུ་ཤུ་བཟོ་ཚོང་ཁང་གིས་ད་ལྟ་ཚོད་ལྟའི་གནས་སྐབས་སུ་ཡོད་པའི་ཀུ་ཤུ་ཉེར་སྤྱོད་མ་ལག་ཐོན་18.1 གྱི་ཁོངས་སུ། མིས་བཟོས་རིག་ནུས་ཀྱི་ཁྱད་ཆོས་འཕར་མ་ཞིག་ཁ་སྣོན་བྱས་འདུག
ཁྱད་ཆོས་གསར་པ་དེ་ནི། པར་ནང་གི་དངོས་པོ་གང་རུང་ཞིག་ཕྱིར་འདོན་བྱས་ཏེ་མེད་པར་བཟོ་ནུས་པ་དེ་ཡིན།
གཙང་དག་ཅེས་འབོད་པའི་ཁྱད་ཆོས་འདིས། འཛད་སྤྱོད་པ་གང་རུང་ཞིག་ལ་པར་རིས་ནང་གི་དངོས་པོ་རྣམས་ངོས་འཛིན་བྱེད་ཐུབ་པ་་དང་དེ་དག་མཛུབ་གནོན་ཐེངས་གཅིག་གིས་མེད་པར་བཟོ་ཐུབ་པའི་ནུས་པ་སྤྲོད་ཀྱི་ཡོད་ལ། དེས་པར་རིས་ནང་གི་དངོས་གཟུགས་གཞན་དག་ལ་ཤུགས་རྐྱེན་གང་ཡང་མི་ཐེབས།
རིག་ནུས་ཀྱི་རང་འགུལ་ངོས་འཛིན་ལ་བརྟེན་ནས་དངོས་པོ་གང་ཞིག་བདམས་ཏེ་མེད་པར་བཟོ་ཐུབ་ལ། ད་དུང་མི་དགའ་བའི་དངོས་པོ་གང་ཞིག་གི་སྟེང་དུ་སྒོར་ཐིག་གམ་སྤུ་སྨྱུག་གིས་རི་མོ་འབྲི་ཐུབ་པ་དང་དེ་དག་པར་རིས་ལས་མེད་པར་བཟོ་ཐུབ་ཀྱི་ཡོད།
བསུབས་ཚར་བའི་གནས་དེར་མིས་བཟོས་རིག་ནུས་བེད་སྤྱོད་བྱས་ནས་རྒྱབ་ལྗོངས་གསར་སྐྲུན་བྱེད་ཀྱི་ཡོད།
ད་ལོའི་ལོ་མགོར། གྷོ་གྷིལ་བཟོ་ཚོང་ཁང་གིས་ཀྱང་འདི་དང་ཆ་འདྲ་བའི་ཁྱད་ཆོས་ཤིག་འཛད་སྤྱོད་པ་ཚོར་རིན་མེད་དུ་མཁོ་སྤྲོད་བྱས་ཡོད།
ཀུ་ཤུ་བཟོ་ཚོང་ཁང་གི་རིག་ནུས་ཀྱི་ཁྱད་ཆོས་འདི་སྤྱི་ཟླ་བ་བདུན་པ་ནས་བཟུང་ག་ལེར་ཚོད་ལྟ་བྱས་དང་བྱེད་མུས་ཡིན།
ཞོར་ནས། སྤྱི་ལོ ༢༠༢༤ ལོའི་ཟླ་བ་དགུ་པའི་ཚེས ༩ ཉིན་གྱི་སྔ་དྲོའི་ཆུ་ཚོད ༡༠ སྟེང་དུ། ཀུ་ཤུ་བཟོ་ཚོང་ཁང་གིས་འགྲེམ་སྟོན་མཛད་སྒོ་ཞིག་གོ་སྒྲིག་བྱས་ཏེ། ཀུ་ཤུ་ཁ་པར་iPhone 16 གཙོས་ཐོན་རྫས་གསར་པ་གཞན་ཁག་ཡོངས་ཁྱབ་ཀྱིས་ཐོག་ནས་འགྲེམ་སྟོན་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད། དེ་བས། ཁྱེད་རང་མཛད་སྒོ་དེར་ལྟ་བའི་འདོད་མོས་ཆེན་པོ་ཡོད་ཚེ། ཀུ་ཤུ་བཟོ་ཚོང་ཁང་གི་གཞུང་ཕྱོགས་ཀྱི་དྲ་ཚིགས་འདི་ནས་ཐད་གཏོང་ལ་ལྟ་ཆོག