ཨན་ཌོ་ཁ་པར་སྐོར་གྱི་ཉམས་ཞིབ་གྲུབ་དོན། 

ལིག་ཧའོ་ཡུས་ཟེར་བའི་འཕྲུལ་རིག་ཉམས་ཞིབ་པ་ཞིག་དང་ཁོང་གི་ཉམས་ཞིབ་ལས་རོགས་གཉིས་ཀྱིས་ཉམས་ཞིབ་བྱས་པ་ལྟར་ན། རྒྱལ་ནང་ནས་བཟོས་པའི་ཨན་ཌོ་ཁ་པར་གྱི་ནང་དུ་དང་ཐོག་ནས་ནང་འཇུག་བྱས་ཡོད་པའི་བཀོལ་ཆས(APP)་ཁག་གིས་མི་སྒེར་གྱི་གསང་རྒྱ་དང་འབྲེལ་བའི་གཞི་གྲངས་ཁག་འཛད་སྤྱོད་པའི་ཆོག་མཆན་མེད་རུང་ལྐོག་ནས་ཕྱོགས་གསུམ་པར་བརྒྱུད་གཏོང་བྱེད་ཀྱི་ཡོད་པ་”ཕྲ་མཐོང་ཆེ་ཤེལ་འོག་གི་ཨན་ཌོ་མ་ལག་གི་གསང་རྒྱ- ཤར་ཕྱོགས་ནས་འོང་བའི་གཏམ་རྒྱུད་ཅིག”་ཟེར་བའི་ཉམས་ཞིབ་རྩོམ་ཡིག་གི་ནང་དུ་གསལ་འདུག

རྒྱ་མི་ཉམས་ཞིབ་པ་དེས་རྒྱལ་ནང་གི་གྲགས་ཆེ་བའི་ཁ་པར་ཚོང་རྟགས་གསུམ་སྟེ། ཞའོ་མིས་དང་།(小米) ཡིས་ཅ།(一加) ཨོ་ཕོ།(OPPO) བཅས་ལ་དབྱེ་ཞིབ་བྱས་ཏེ་ཉམས་ཞིབ་ཀྱི་གྲུབ་དོན་འདོན་སྤེལ་གནང་ཡོད།

ཉམས་ཞིབ་པ་དེས། ཁ་པར་གྱི་མ་ལག་གི་ནང་དུ་སྔོན་ཚུད་ནས་ནང་འཇུག་བྱས་ཡོད་པའི་བཀོལ་ཆས་ཁག་གིས་མི་སྒེར་གྱི་གཞི་གྲངས་གང་དག་བརྒྱུད་གཏོང་བྱེད་ཀྱི་ཡོད་མེད་ཞིབ་འཇུག་བྱེད་པའི་ཆེད་དུ། འཛད་སྤྱོད་པས་ནང་འཇུག་བྱས་པའི་བཀོལ་ཆས་ཁག་ཕྱིར་འདོན་བྱས་ཡོད་ལ། ཁོས་དབྱེ་ཞིབ་བྱེད་སྐབས། འཛད་སྤྱོད་པས་ནང་འཇུག་མ་བྱས་པའི་མཉེན་ཆས་ཁག་30ལྷག་ཙམ་རྒྱལ་ནང་ནས་བཟོས་པའི་ཨན་ཌོ་མ་ལག་གི་ནང་དུ་དང་ཐོག་ནས་བཅུག་ཡོད་པ་རྙེད་སོན་བྱུང་ཡོད། དེ་དག་གི་ཁོངས་སུ། རྒྱ་འདུས་(百度)དང་། སུག་ཀུག(搜狗) རྒྱ་འདུས་ས་ཁྲ།(百度地图) དེ་བཞིན། གསར་འགྱུར་དང་། (新闻)བརྙན་ཐུང་།(视频) དྲ་ལམ་ཉོ་ཚོང་གི་བཀོལ་ཆས( 在线购物应用)་སོགས་ཡོད་པ་དང་། མཉེན་ཆས་དེ་དག་གིས་ག་དུས་ཡིན་ཡང་རྒྱབ་ནས་བྱེད་ལས་རྩོམ་གྱི་ཡོད་པ་གསལ་འདུག དཔེར་ན། ཞའོ་མིས་ཁ་པར་གྱི་གློག་སྒོ་ཕྱེ་བ་དང་། གཞི་གྲངས་མང་བོ་ཞིག་ཕྱོགས་གསུམ་པར་གཏོང་གི་ཡོད་པའི་བདེན་དཔང་གསལ་པོ་བསྟན་འདུག

དེ་བས། ཤེས་རྟོགས་བྱུང་བ་ལྟར་ན། ཁ་པར་ནང་དུ་བྱང་བུ་མ་བཅུག་རུང་། ཨན་ཌོ་ཁ་པར་གསུམ་དེས་མི་སྒེར་གྱི་ངོ་བོ་ངོས་འཛིན་བྱེད་ཐུབ་པའི་ཆ་འཕྲིན་ཁག  ཁ་པར་བཟོ་ལས་ཁང་འདི་གསུམ་ཀར་མུ་མཐུད་ནས་མཁོ་སྤྲོད་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་འདུས་བཟོ་ལས་ཁང་དང་། ཀྲུང་གོ་འགུལ་འཕྲིན་དང་འཁྱེར་འཕྲིན། འབྲེལ་འཕྲིན་སོགས་ལའང་མཁོ་སྤྲོད་བྱེད་ཀྱི་ཡོད་འདུག  མི་སྒེར་གྱི་ངོ་བོ་ངོས་འཛིན་བྱེད་ཐུབ་པའི་ཆ་འཕྲིན་ཁག་གི་ཁོངས་སུ། རྒྱལ་སྤྱིའི་ཁ་པར་ཡོ་ཆས་ཀྱི་ངོ་རྟགས།(IMEI) སྡོད་གནས། ཁ་པར་ཨང་གྲངས། ཁ་པར་གྱི་ནང་དུ་བཀོལ་ཆས་གང་དག་སྤྱོད་ཀྱི་ཡོད་མེད། མི་གཞན་ལ་འབྲེལ་གཏུག་བྱས་པའི་འཕྲིན་ཐུང་གི་ལོ་རྒྱུས་དང་། འབྲེལ་གཏུག་མི་སྣའི་ཁ་པར་ཨང་གྲངས་སོགས་ཚུད་ཡོད་པ་ཉམས་ཞིབ་ཀྱི་རྩོམ་ཡིག་གི་ནང་དུ་གསལ་འདུག  ཉམས་ཞིབ་པ་དེས་བརྗོད་ན། རྒྱལ་ནང་གི་འཛད་སྤྱོད་པ་ཡོངས་རྫོགས་ཀྱི་ཁ་པར་ཨང་གྲངས་ཉོ་སྐབས། རང་ཉིད་ཀྱི་ཐོབ་དཔང་ལག་འཁྱེར་མཁོ་སྤྲོད་བྱས་ཡོད་སྟབས།  བསྡུ་ལེན་བྱས་པའི་གཞི་གྲངས་འདི་དག་གིས་མི་སྒེར་གྱི་གསང་རྒྱ་ལ་ཉེན་ཁ་བཟོ་ངེས་པ་མ་ཟད། དེ་བརྒྱུད་ནས་འཛད་སྤྱོད་པ་ཚོ་གང་དུ་ཡོད་མེད་ཀྱང་རྗེས་འདེད་གཏོང་སྲིད་ཀྱི་ཡོད་འདུག 

དེ་ལས་ཀྱང་ཧང་སངས་དགོས་པ་ཞིག་ནི། འཛད་སྤྱོད་པ་གང་རུང་ཞིག་ཕྱི་རྒྱལ་དུ་ཡོད་པའི་སྐབས་སུའང་། ཁ་པར་དེ་དག་གིས་མུ་མཐུད་ནས་གཞི་གྲངས་བསྡུ་ལེན་བྱེད་ཀྱི་ཡོད་སྟབས། ཁྱེད་རང་ཕྱི་རྒྱལ་དུ་ཡོད་པའི་གནས་སྐབས་སུ། མི་སུ་དག་དང་འབྲེལ་བ་བྱས་ཡོད་མེད་ཀྱང་ཤེས་ཐུབ་ཀྱི་ཡོད་འདུག

དེ་མ་ཟད། རྒྱལ་ནང་གི་ཨན་ཌོ་ཁ་པར་གྱི་ནང་དུ། དང་ཐོག་ནས་ནང་འཇུག་བྱས་ཡོད་པའི་བཀོལ་ཆས་ཁག་གི་གྲངས་ཀ་དེ་རྒྱལ་སྤྱིའི་སྟེང་གི་ཨན་ཌོ་ཁ་པར་ལས་ལྡབ་གསུམ་བཞི་ཙམ་གྱིས་མང་བ་ཡོད་པ་མ་ཟད། བཀོལ་ཆས་དེ་དག་གིས་རྒྱལ་སྤྱིའི་སྟེང་གི་ཨན་ཌོ་ལས་ལྡབ་10 གྲངས་ཤིག་གིས་ཆོག་མཆན་མང་བ་ལེན་གྱི་ཡོད་འདུག  

ཡོངས་ཁུངས།

Leave a Reply

Your email address will not be published. Required fields are marked *