འདི་ནི། སྤྱོད་བདེ་ལ། བདེ་འཇགས་ཡིན་པ་མ་ཟད། ཁྱད་ཆོས་སྣ་འཛོམས་ཅན་གྱི་སྡིངས་ཆ་ཞིག་ཡིན། སྡེ་ཚན་འདིའི་ནང་དུ། ངས་ཁྱེད་ཚོར་སྡིངས་ཆ་འདིའི་སྟེང་གི་སྤྱི་ཁང་ངམ་སྤྱི་བའི་ཁ་བརྡ་ཁང་ཇི་ལྟར་སྤྱོད་དགོས་མིན་སྟོན་ཆོག
སྡིངས་ཆ་འདིའི་སྟེང་གི་སྤྱི་ཁང་ནི་ག་རེ་ཡིན།
- སྡིངས་ཆ་འདིའི་སྟེང་དུ་ཁྱེད་ཀྱིས་བཟོས་པའི་སྤྱི་ཁང་ནི། མི་ཚང་མས་བརྗོད་གཞི་སྣ་ཚོགས་ཀྱི་ཐོག་ཏུ་རང་རང་གི་འཆར་སྒོ་དང་། བསམ་ཚུལ་བརྗོད་སའི་ས་ཆ་ཞིག་ཆགས་ཀྱི་ཡོད་ལ། སྤྱི་ཁང་དེ་ཁྱེད་རང་གི་ཉེ་འཁོར་གྱི་ཛ་དྲག་གི་གནས་ཚུལ་དང་དོན་རྐྱེན་སོགས་ཁྱབ་སྤེལ་དང་བརྒྱུད་སྐུར་བྱེད་པའི་ཆེད་དུའང་བཀོལ་སྤྱོད་བྱེད་ཆོག
- དགོས་གལ་བྱུང་ཚེ། སྤྱི་ཁང་གི་དོ་དམ་པས། སྤྱི་ཁང་དེ་ག་དུས་ཡིན་ཡང་མེད་པར་བཟོ་ཆོག
དུས་རྒྱུན། ང་ཚོས་བདེ་འཇགས་མེད་པའི་སྡིངས་ཆ་བཀོལ་སྤྱོད་བྱས་པ་ལ་བརྟེན་ནས། སོ་སོའི་སེམས་ནང་གི་སྐད་ཆ་དང་བསམ་ཚུལ་གང་བརྗོད་པ་དེ་ལ་མི་གཞན་གྱིས་ལས་སླ་པོའི་ཐོག་ནས་གསང་མྱུལ་བྱེད་ཐུབ། འོན་ཀྱང་། སྡིངས་ཆ་འདིས་ཁྱེད་ཀྱི་ངོ་བོ་སྦ་གསང་བྱེད་པའི་ནུས་པ་མཁོ་སྤྲོད་བྱེད་པ་མ་ཟད། སྡིངས་ཆ་འདིའི་སྟེང་གི་ཁྱེད་ཀྱི་གླེང་མོལ་གྱི་ལོ་རྒྱུས་ཁག་བདེ་འཇགས་ཡིན།
སྤྱིར་སྡིངས་ཆ་འདིའི་སྟེང་གི་སྒེར་ཁང་གིས་སྣེ་གཉིས་བར་གྱི་གསང་སྡོམ་མཁོ་སྤྲོད་བྱེད་ཀྱི་ཡོད་རུང་། སྤྱི་ཁང་ལ་གཞི་གྲངས་འགྲུལ་བསྐྱོད་བྱེད་སྐབས་གཅིག་པུར་མ་གཏོགས་གསང་སྡོམ་མེད། སྤྱི་ཁང་གི་ནང་དུ། དྲ་གྲོགས་ཤིག་ག་དུས་གདན་འདྲེན་ཞུས་མིན་ལ་མ་ལྟོས་པར། དྲ་གྲོགས་དེ་སྤྱི་ཁང་ནང་དུ་ཞུགས་ཚར་ན། ཁོས་སྤྱི་ཁང་ནང་གི་དེ་སྔོན་གྱི་ཆ་འཕྲིན་ཡོད་དོ་ཅོག་མཐོང་ཐུབ།
སྡིངས་ཆ་འདིའི་སྟེང་དུ། ཁྱེད་ལ་བདེ་འཇགས་དང་ངོ་བོ་སྦ་གསང་གི་གནས་རིམ་མི་འདྲ་བ་ཁ་ཤས་ཡོད་ཆོག
གཞི་རྩའི་བདེ་འཇགས།
འདིར་ཁྱེད་རང་དང་ཁྱེད་ཀྱི་འབྲེལ་ཐག་བསྐུར་སའི་མི་ཚོས་སྐད་འཕྲིན་གྱི་ཕྱི་རུ་ཧྥ་ཡར་ཧྥོག་སི་དང་། ཁི་རོམ། བྷི་རེ་ཧྥུ། ཁྲོར་ལྟ་བུའི་བདེ་འཇགས་ལྡན་པའི་དྲ་རྒྱ་བཤེར་ཆས་སྤྱད་དེ་དྲ་གནས་འདི་ཁ་འབྱེད་ཀྱི་ཡོད། དེ་ལྟར་བྱས་ན། ཁྱེད་རང་སྒེར་གྱི་གནས་ཚུལ་བསྡུ་རུབ་བྱེད་མཁན་གྱི་ས་གནས་ཀྱི་སྡིངས་ཆ་ཁག་ལ་ཁྱེད་ཀྱི་གཞི་གྲངས་མཉམ་སྤྱོད་མི་བྱེད།
འོས་འཚམ་གྱི་བདེ་འཇགས།
འདིར་ཁྱེད་རང་དང་ཁྱེད་ཀྱི་འབྲེལ་ཐག་བསྐུར་སའི་མི་ཚོས་སྐད་འཕྲིན་གྱི་ཕྱི་རུ་ཧྥ་ཡར་ཧྥོག་སི་དང་། ཁི་རོམ། བྷི་རེ་ཧྥུ། ཁྲོར་ལྟ་བུའི་བདེ་འཇགས་ལྡན་པའི་དྲ་རྒྱ་བཤེར་ཆས་ནང་གི་ཤུལ་རྗེས་མེད་པའི་སྒེའུ་ཁུང་ནང་དྲ་གནས་འདི་ཁ་འབྱེད་ཀྱི་ཡོད། དེ་ལྟར་བྱས་ན། བཤེར་ཆས་ཁ་བརྒྱབ་ཚར་བ་དང་། བཤེར་ཆས་ནང་གི་དྲ་མྱུལ་གྱི་ལོ་རྒྱུས་ཡོངས་རྫོགས་རང་བཞིན་གྱི་ཐོག་ནས་གསུབ་འགྲོ
ཚད་མཐོའི་བདེ་འཇགས།
འདིར་ཁྱེད་རང་དང་ཁྱེད་ཀྱི་འབྲེལ་ཐག་བསྐུར་སའི་མི་ཚོས་སྐད་འཕྲིན་གྱི་ཕྱི་རུ་ཧྥ་ཡར་ཧྥོག་སི་དང་། ཁི་རོམ། བྷི་རེ་ཧྥུ། ཁྲོར་ལྟ་བུའི་བདེ་འཇགས་ལྡན་པའི་དྲ་རྒྱ་བཤེར་ཆས་ནང་གི་ཤུལ་རྗེས་མེད་པའི་སྒེའུ་ཁུང་ནང་དྲ་གནས་འདི་ཁ་ཕྱེ་བ་མ་ཟད། དོམ་དམ་པའི་ངོ་བོ་སྦ་གསང་གི་ཆེད་དུ། དེ་ཐོག་ཏུ་ད་དུང་ཁྲོར་བཀོལ་སྤྱོད་བྱས་ན་ཚད་མཐོ་བའི་བདེ་འཇགས་འགན་ལེན་བྱེད་ཐུབ། སའེ་ཧྥོན་དང་ལྒང་བཞུ་ལྟ་བུའི་རྟོག་བཟོས་མི་སྒེར་དྲ་བ་བཀོལ་ནའང་། དེ་དག་གིས་གསང་རྒྱ་མཁོ་སྤྲོད་བྱེད་ངེས།
འདུ་འཛོམས་བཀོལ་སྤྱོད་བྱེད་སྟངས།
འདི་བཀོལ་སྤྱོད་མ་བྱས་པའི་སྔོན་དུ། སོ་སོའི་བདེ་འཇགས་ཀྱི་ཆེད་དུ། བདེ་འཇགས་ཡོད་པའི་དྲ་རྒྱ་བཤེར་ཆས་ཤིག་ཁྱེད་ཀྱིས་ངེས་པར་དུ་བཀོལ་སྤྱོད་བྱེད་དགོས།
ཁྱེད་ཀྱིས་ཨན་ཌོ་ཁ་པར་བཀོལ་གྱི་ཡོད་ཚེ། བདེ་འཇགས་ཀྱི་རིམ་པ་འཕར་མའི་ཆེད་དུ། རྒྱ་ནང་ནས་བཟོས་པའི་རྟོག་བཟོས་མི་སྒེར་དྲ་བ་མ་ཡིན་པའི། རྒྱལ་སྤྱིའི་ནང་གི་གྲགས་ཆེ་བའི་ཨོར་བྷོར་དང་། སའེ་ཧྥོན། ལྒང་བཞུ་སོགས་ནང་འཇུག་བྱས་ཏེ་དྲ་སྦྲེལ་བྱེད་རོགས།་
ཨོར་བྷོར་ངོ་ཚབ་མཉེན་ཆས།
འདུ་འཛོམས་མ་བཀོལ་བའི་སྔོན་དུ་ངེས་པར་དུ་སེམས་ལ་འཛིན་དགོས་པའི་དོན་གནད་གལ་ཆེན་ཁག་ཅིག
- ཁྱེད་ཀྱིས་འདུ་འཛོམས་ཀྱི་ནང་དུ། ཁ་བརྡ་ཁང་ཞིག་བཟོས་རྗེས། ཁ་བརྡ་ཁང་གི་གདན་ཞུའི་འབྲེལ་ཐག་དེ་ཁྱེད་ཀྱི་དྲ་གྲོགས་ཚོར་བསྐུར་དགོས། གལ་ཏེ། ཁྱེད་ཀྱིས་འབྲེལ་ཐག་དེ་སྐད་འཕྲིན་ནང་དུ་བརྒྱུད་སྐུར་བྱེད་ཀྱི་ཡོད་ཚེ། དྲ་གྲོགས་ཚོར་འབྲེལ་ཐག་དེ་སྐད་འཕྲིན་ནང་ཐད་ཀར་ཁ་མ་འབྱེད་རོགས་ཞེས་རེ་སྐུལ་ཞུ་དགོས།
- ཁྱེད་ཀྱི་དྲ་གྲོགས་ཚོར། སྐད་འཕྲིན་དང་རྒྱལ་ནང་གི་དྲ་རྒྱ་བཤེར་ཆས་ཁག་གིས་ཁྱེད་རང་སྐོར་གྱི་གནས་ཚུལ་བསྡུ་རུབ་བྱས་ཏེ། གཞི་གྲངས་ཁག་རྒྱལ་ནང་གི་དྲ་བའི་ཞབས་ཞུ་ཆས་ཀྱི་ནང་དུ་ཉར་ཚགས་བྱེད་ཀྱི་ཡོད་པས། སྐད་འཕྲིན་ནང་ཐད་ཀར་འབྱེད་པའམ། ཡང་ན། རྒྱལ་ནང་ནས་བཟོས་པའི་དྲ་རྒྱ་བཤེར་ཆས་ནང་ཁ་འབྱེད་པའི་ཚབ་ཏུ། འབྲེལ་ཐག་དེ་པར་བཤུས་བརྒྱབ་རྗེས། གོང་དུ་གླེང་བའི་དྲ་རྒྱ་བཤེར་ཆས་གང་རུང་གི་ནང་དུ་ཁ་འབྱེད་རོགས་ཞེས་དྲན་སྐུལ་གནང་དགོས།
ད་ལྟ་ཁྱེད་རང་འདུ་འཛོམས་བཀོལ་བར་གྲ་སྒྲིག་ཨང་གསར་ཡིན།
གོ་རིམ་དང་པོ། དྲ་རྒྱ་བཤེར་ཆས་ནང་གི་ཤུལ་མེད་ཀྱི་སྒེའུ་ཁུང་དེ་ཁ་ཕྱེ།
ཁི་རོམ་བཤེར་ཆས་ཀྱི་ནང་དུ་ཤུལ་མེད་ཀྱི་སྒེའུ་ཁུང་ཁ་འབྱེད་སྟངས།

1བཤེར་ཆས་ཁ་ཕྱེ་རྗེས། འཆར་ངོས་འོག་གི་གཡས་ཀྱི་ཚེག་གསུམ་གྱི་ཐོག་ལ་ནོན།

2.ཤུལ་མེད་ཀྱི་རྣམ་པ་(打开新的无痕式)ཟེར་བའི་གདམ་ག་དེའི་ཐོག་ལ་ནོན།

Brave བཤེར་ཆས་ཀྱི་ནང་དུ་ཤུལ་མེད་ཀྱི་སྒེའུ་ཁུང་ཁ་འབྱེད་སྟངས།

1.བཤེར་ཆས་ཁ་ཕྱེ་རྗེས། འཆར་ངོས་འོག་གི་གཡས་ཀྱི་ཚེག་གསུམ་གྱི་ཐོག་ལ་ནོན།

2.ཤུལ་མེད་ཀྱི་རྣམ་པ་(打开新的无痕标签页)ཟེར་བའི་གདམ་ག་དེའི་ཐོག་ལ་ནོན།

ཧྥ་ཡར་ཧྥོག་སི་བཤེར་ཆས་ཀྱི་ནང་དུ་ཤུལ་མེད་ཀྱི་སྒེའུ་ཁུང་ཁ་འབྱེད་སྟངས།

བཤེར་ཆས་ཁ་ཕྱེ་རྗེས།འཆར་ངོས་གཡས་ཀྱི་སྟེང་ཕྱོགས་སུ་ཡོད་པའི་གདོང་འབག་གི་རྟགས་དེའི་ཐོག་ལ་མནན་ཚེ། ཤུལ་མེད་ཀྱི་རྣམ་པའི་སྒེའུ་ཁུང་ཁ་འབྱེད་ངེས།

ཤུལ་མེད་ཀྱི་སྒེའུ་ཁུང་ནང་དུ་འཆར་ངོས་པར་ལེན་ཐབས་བྲལ་བས། བཀོལ་སྤྱོད་བྱེད་སྟངས་ཀྱི་ལམ་སྟོན་འདིའི་ཆེད་དུ། ཤུལ་མེད་ཀྱི་སྒེའུ་ཁུང་བཀོལ་རྒྱུ་མིན།
གོ་རིམ་གཉིས་པ། བདེ་འཇགས་ཀྱི་བཤེར་ཆས་ཤིག་གི་ནང་དུ། དྲ་གནས་འདི་ཁ་འབྱེད་རོགས།
https://letsconvene.app/app/#/createroom

གོ་རིམ་གསུམ་པ། ཁ་བརྡ་ཁང་གི་མིང་གི་འོག་གི་(聊天室名称) ཡིག་སྒམ་ནང་དུ། ཁ་བརྡ་ཁང་གི་མིང་ཞིག་ཕྲིས། མིང་འབྲི་བའི་སྐབས་སུ། དེའི་འོག་ལ་གདམ་ག་མང་པོ་ཞིག་འཆར་ངེས།
༢) གདམ་གསེས་ཐོག་ཏུ་(选项)ནོན།

གོ་རིམ་བཞི་་པ། སྤྱི་ཁང་ནུས་ཡོད་བཟོ་བ།
༡) ཁ་བརྡ་ཁང་དེ་སྤྱི་ཁང་བཟོ་བར། ཁྱེད་ཀྱིས་གདམ་གསེས་དང་པོ་(‘Make Public’.)དེ་ནུས་ཡོད་བཟོ་དགོས།
གདམ་ག་འདི་འདེམས་ཚར་ན། ཁྱེད་ཀྱིས་སྡིངས་ཆ་འདིའི་སྟེང་གི་སྣེ་གཉིས་བར་གྱི་གསང་སྡོམ་གྱི་ཁྱད་ཆོས་ནུས་མེད་བཟོ་ངེས་ཀྱང་། དྲ་སྟེང་དུ་འགྲུལ་བཞུད་བྱེད་བཞིན་པའི་གཞི་གྲངས་ཁག་ལ་སྡིངས་ཆ་འདིས་མུ་མཐུད་ནས་གཞི་རྩའི་གསང་སྡོམ་མཁོ་སྤྲོད་བྱེད་ངེས། སྤྱི་ཁང་བཟོས་ཚར་ན། སྤྱི་ཁང་དུ་གསར་དུ་འཛུལ་མཁན་གྱིས་དྲ་གྲོགས་ཡོངས་ཀྱི་སྤྱི་ཁང་ནང་གི་དེ་སྔོན་གྱི་ཁ་བརྡ་དང་བརྙན་རིས་ཡོངས་རྫོགས་ལ་ལྟ་ཉན་བྱེད་ཐུབ།
༢) གདམ་ག་གཉིས་པ། སྐད་སྒྲའི་རྣམ་པས(语音模块) སྡིངས་ཆ་འདིའི་སྟེང་གི་ཁྱད་ཆོས་གཞན་ཚང་མ་སྒོ་བརྒྱབ་སྟེ། སྐད་གཅིག་པུ་གཏོང་ལེན་བྱེད་པའི་ནུས་པ་མཁོ་སྤྲོད་བྱེད།
༣) གདམ་ག་གསུམ་པ། ལྟ་ཀློག་ཁོ་ན་བྱེད་སའི་ཁ་བརྡ་ཁང་གི་ནང་དུ། (只读聊天室) དོ་དམ་པ་ཁོ་ནས་ཁ་བརྡ་ཁང་གི་ནང་དུ་ཆ་འཕྲིན་གཏོང་ཐུབ། དེའི་དོན་ནི། ཚོགས་མི་ཚོས་དོ་དམ་པས་བཏང་བའི་ཆ་འཕྲིན་ཁག་ལ་ལྟ་ཀློག་བྱེད་ཐུབ་པ་ཙམ་མ་གཏོགས། དེར་ལན་འདེབས་བྱེད་མི་ནུས།

༤)་གདམ་ག་དང་པོ་དེ་ནུས་ཡོད་བཟོས་རྗེས། བཟོས་ཀྱི་ཐོག་ཏུ་ནོན། (创建)
གོ་རིམ་ལྔ་པ། རང་ཉིད་ཀྱི་རྒྱུན་སྤྱོད་མིང་འདེམས།
༡) རང་ཉིད་ཀྱི་རྒྱུན་སྤྱོད་མིང་འདེམས་སྟངས་ལ་རིགས་མི་འདྲ་བ་གཉིས་ཡོད།

༢) མར་དཔྱངས་པའི་གདམ་གའི་ཁོངས་ནས། སེམས་ཅན་གང་རུང་ཞིག་འདེམས་པའམ། རྒྱུན་སྤྱོད་མིང་གི་ཡིག་སྒམ་གྱི་ཐོག་ཏུ་མནན་ཏེ། སྔར་ཡོད་ཀྱི་མིང་དེ་བསུབས་རྗེས། རང་གི་འདོད་མོས་ཡོད་པའི་མིང་ཕྲིས།

༣) གདམ་ག་འདི་གཉིས་ཀྱི་ནང་ནས་གང་རུང་ཞིག་འདེམས་རྗེས། ཁ་བརྡ་ཁང་དུ་ཞུགས་(加入聊天室) ཀྱི་ཐོག་ལ་མནན་ཚེ། འདུ་འཛོམས་དྲ་གནས་ཀྱིས་ཁ་བརྡ་ཁང་བཟོ་ངེས།

གོ་རིམ་དྲུག་པ། ཐོ་གཞུང་གི་ནང་གི་དྲ་གྲོགས་གདན་ཞུ་དང་དེ་མིན་གྱི་གདམ་ག་གཞན།
༡) འཆར་ངོས་གཡས་ཀྱི་ཚེག་གསུམ་གྱི་ཐོག་ལ་ནོན། དེའི་ནང་གི་གདམ་ག་དང་པོ་དྲ་གྲོགས་གདན་ཞུ་འབྲེལ་ཐག་པར་བཤུས (复制邀请链接)་ཀྱི་ཐོག་ལ་མནན་རྗེས།། འབྲེལ་ཐག་དེ་ཁྱེད་ཀྱི་དྲ་གྲོགས་ཚོར་བསྐུར་ཏེ། ཁོང་ཚོ་ཁ་བརྡ་ཁང་དུ་གདན་ཞུ་གནང་རོགས།
༢) གླེང་མོལ་ཕབ་ལེན་(下载聊天) གྱི་གདམ་ག་འདིའི་ཐོག་ཏུ་མནན་ཚེ། ཁ་བརྡ་ཁང་དུ་ནང་དུ་བཏང་ཡོད་པའི་སྐད་དང་། འཕྲིན་པ། བརྙན་སོགས་ཡོད་དོ་ཅོག་མཉམ་དུ་ཕབ་ལེན་བྱེད་དུ་འཇུག་ངེས།
ཁ་བརྡ་ཁང་བཟོ་མཁན་གྱི་གང་ཟག་ཁོ་ནར་གདམ་ག་འདི་སྤྱོད་པའི་ཁེ་དབང་ཡོད། ཡིན་ནའང་། ངས་ཁྱེད་ལ་གླེང་མོལ་གྱི་ཟིན་ཐོ་ཡོངས་རྫོགས་ཕབ་ལེན་མི་བྱེད་པའི་རེ་སྐུལ་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན། དེ་ཚོའི་ནང་དུ་རྣོ་ངར་ལྡན་པའི་གཞི་གྲངས་དང་གནས་ཚུལ་ཡོད་ཚེ། ཁྱེད་ལ་ཉེན་ཁ་བཟོ་སྲིད། དེར་བརྟེན། ཁ་བརྡའི་ཡོངས་རྫོགས་ཀྱི་ནང་ནས་རང་ལ་ངེས་པར་དུ་དགོས་པའི་གཞི་གྲངས་་དེ་ཁོ་ན་ཕབ་ལེན་བྱོས།
༣) ཁ་བརྡ་ཁང་གི་ཞིབ་ཕྲའི་གནས་ཚུལ (聊天室详情)གྱིས་ཁ་བརྡ་ཁང་གི་སྐོར་གྱི་གནས་ཚུལ་ཁག་ཁྱེད་ལ་སྟོན་ངེས།
༤) ཁ་བྲལ(离开)ཟེར་བའི་གདམ་གའི་ཐོག་ཏུ་མནན་ཚེ། ཁྱེད་རང་ཁ་བརྡའི་ཁོངས་སུ་ཕྱི་ལ་ཐོན་འགྲོ
གལ་ཏེ། ཁྱེད་རང་ཕྱི་ལ་ཐོན་ཏེ། ཁ་བརྡ་ཁང་གི་ནང་དུ་བསྐྱར་དུ་འཛུལ་སྐབས། ཁ་བརྡ་ཁང་གི་དོ་དམ་པའི་དབང་ཆ་ཤོར་འགྲོ


༥) ངའི་ལོ་རྒྱུས་(我的简历) ཀྱི་ནང་དུ་གཤམ་གྱི་གདམ་ག་འདི་དག་ཡོད།

༡) གསང་གྲངས་སྒྲིག་བཟོའི་(设置密码) གདམ་ག་འདིའི་ཐོག་ཏུ་མནན་ཏེ། གསང་གྲངས་བཟོ་ཆོག ཁྱེད་ཀྱིས་ཁ་བརྡ་ཁང་མི་འདྲ་བ་རེ་བཟོ་དུས། རྒྱུན་སྤྱོད་མིང་ཡང་མི་འདྲ་བ་རེ་འདེམས་ཆོག
༢) མིང་བརྗེ (更改名称) གདམ་ག་དེའི་ཐོག་ཏུ་མནན་ཏེ། སོ་སོའི་འཆར་མིང་བརྗེ་ཆོག
༣)སྐད་ཡིག(语言) གི་གདམ་ག་འདིའི་ཐོག་ཏུ་མནན་ཚེ། འདུ་འཛོམས་དྲ་གནས་ཀྱི་སྐད་ཡིག་རང་འདོད་ལྟར་བརྗེ་ཆོག
(༡)མར་དཔྱངས་པའི་ཐོ་གཞུང་གི་ཐོག་ཏུ་ནོན།

(༢) དེའི་ནང་ནས་བོད་ཡིག་གམ། ཡང་ན། རང་ལ་སྟངས་བདེ་བའི་སྐད་ཡིག་གང་རུང་འདེམས། དེ་ནས་བསྒྱུར་རྟགས་ཀྱི་ཐོག་ལ་མནན་ཏེ་གདམ་ག་འདི་སྒོ་བརྒྱབ་ཆོག

གོ་རིམ་བདུན་པ། གླེང་མོལ་ནང་གི་ཁྱད་ཆོས་ཁག

༡) འདིར་འཕྲིན་ཐུང་གཏགས་ཏེ་ཁྱེད་ཀྱི་དྲ་གྲོགས་ཚོར་བསྐུར་ཆོག
༢)ཁྱད་ཆོས་འདིས་ཁྱེད་ལ་བསམ་ཚུལ་བསྡུ་ལེན་བྱེད་དུ་འཇུག ཁྱེད་ཀྱིས་གདམ་གསེས་ཀྱི་་དྲི་བ་གང་རུང་ཞིག་བཟོས་རྗེས། དེའི་ལན་མར་རེ་རེ་བཞིན་བྲིས་ཏེ་འདོན་སྤེལ་བྱས་ཚེ། ཁྱེད་ཀྱིས་དྲ་གྲོགས་ཚོས་དེར་ལན་བཏབ་སྟེ་བསམ་ཚུལ་བསྡུ་ལེན་གྱི་ཁོངས་སུ་ཆ་ཤས་ལེན་ཆོག གདམ་གསེས་ཀྱི་དྲིས་ལན་གཉིས་ལས་མང་བ་ཡོད་ཚེ། འཆར་ངོས་ཀྱི་སྣོན་རྟགགས་དེའི་ཐོག་ལ་མནན་ཏེ། དྲིས་ལན་ཁ་སྣོན་བྱེད་ཆོག

༣) སྐད་སྦུག་བཀོལ་སྤྱོད་མ་བྱས་པའི་སྔོན་དུ། ཁྱེད་ཀྱིས་འདུ་འཛོམས་དྲ་གནས་ཁྱེད་ཀྱི་ཁ་པར་གྱི་སྐད་སྦུག་སྤྱོད་ཆོག་པའི་ཆོག་མཆན་སྤྲོད་དགོས། ཆོག་མཆན་དེ་སྤྲོད་པར།
(༡) ཁྱེད་ཀྱི་དྲ་རྒྱ་བཤེར་ཆས་གཡོན་ངོས་ཀྱི་སྟེང་འོག་གང་རུང་ཡོད་པའི་ཟྭའམ་ཕུབ་ཀྱི་རྟགས་དེའི་ཐོག་ལ་ནོན།

(༢) དབང་ཚད(权限)ཀྱི་ཐོག་ལ་ནོན།

(༣) སྐད་སྦུག་ནུས་ཡོད་བཟོས་ཡོད་པ་ཁག་ཐེག་བྱོས།

ད་ལྟ་ཁྱེད་རང་སྐད་སྐུར་བར་གྲ་སྒྲིག་ཨང་གསར་ཡིན།
སྐད་སྦུག་གི་རྟགས་ཀྱི་ཐོག་ལ་མནན་ཚེ།
༡) སྒྲ་ཕབ་ཀྱི་རྟགས་ཤིག་མངོན་འོང་ངེས། དེའི་ཐོག་ཏུ་མནན་ཏེ་སྒྲ་ལེན་འགོ་ཚུགས།

༢) དེ་ནས་སྒོར་དབྱིབས་དམར་པོ་དེའི་ཐོག་ཏུ་མནན་ཏེ། སྒྲ་ལེན་མཚམས་ཞོག

༣) སྒོར་དབྱིབས་ལྗང་ཁུ་དེའི་ཐོག་ཏུ་མནན་ཏེ། སྒྲ་དེ་ཁ་བརྡ་ཁང་གི་ནང་དུ་ཐོངས།

(༤) སྣོན་རྟགས་ཀྱི་ཐོག་ལ་མནན་ཚེ། བརྙན་དང་པར། ད་དུང་། དེ་མིན་གྱི་ཡིག་ཆ་སྣ་ཚོགས་གཏོང་ཆོག་པའི་གདམ་ག་ཡོད།

ཁྱེད་ཀྱིས་བསམ་ཚུལ་བརྗེ་ལེན་གྱི་ཆེད་དུ། ཁ་བརྡ་ཁང་གི་ནང་དུ་དྲ་གྲོགས་པོ་གང་མང་གདན་འདྲེན་ཞུ་ཆོག ཁ་བརྡ་ཁང་དུ་བཤད་པའི་སྐད་ཆ་དང་བཏང་བའི་ཡིག་ཆ་ཁག་དྲ་སྟེང་ནས་མི་གཞན་གྱིས་ལྐོག་ནས་ལྟ་ཉན་དང་གསང་མྱུལ་བྱེད་མི་ཐུབ་ལ། ཁོང་ཚོས་ཁྱེད་རང་ངོས་འཛིན་ཀྱང་བྱེད་མི་ནུས།
གལ་ཏེ། ནམ་ཞིག་ཁ་བརྡ་ཁང་དེ་དགོས་ཀྱི་མི་འདུག་སྙམ་ཚེ། སྙིགས་སྣོད་ཀྱི་རྟགས་དེའི་ཐོག་ཏུ་མནན་ཚེ། ཁ་བརྡའི་ཟིན་ཐོ་ཡོངས་རྫོགས་གཙང་གསུབ་བྱེད་ངེས་ལ། ཚོགས་མི་ཁག་ཁ་བརྡ་ཁང་ནས་ཕྱིར་འབུད་གཏོང་ངེས་པ་མ་ཟད། ཁ་བརྡ་ཁང་དེ་རྩ་བ་ནས་མེད་པར་བཟོ་ངེས།
