Brave བཤེར་ཆས་ནི། Chromium དྲ་རྒྱ་བཤེར་ཆས་ཀྱི་རྨང་གཞིའི་སྟེང་ནས་བཟོ་སྐྲུན་བྱས་པའི་ཁུངས་འབྱེད་མཉེན་ཆས་ཤིག་ཡིན། དྲ་རྒྱ་བཤེར་ཆས་འདིས། ཁྱེད་རང་དྲ་མྱུལ་བྱེད་པའི་སྐབས་སུ་འགེབས་སྲུང་བྱས་ཏེ། དྲ་ཐོག་གི་རྗེས་འདེད་རིགས་བྱེད་མི་ཐུབ་པ་བཟོ་ཡི་ཡོད་པ་མ་ཟད། འཚོལ་བཤེར་གྱི་མྱུར་ཚད་མགྱོགས་སུ་གཏོང་གི་ཡོད།
Brave བཤེར་ཆས་ཀྱི་ནང་དུ། བདེ་འཇགས་ཀྱི་ཁ་སྣོན་ཡོ་ཆས་སོགས་ཁ་སྣོན་བྱེད་མི་དགོས་པར། བཤེར་ཆས་རང་སྟེང་ནས་བཟོ་སྐྲུན་བྱས་ཡོད་སྟབས། བཤེར་ཆས་འདིས་དྲ་སྟེང་དུ་ཁྱེད་རང་སྲུང་སྐྱོབ་བྱེད་པ་མ་ཟད། དྲ་བའི་མྱུར་ཚད་མགྱོགས་སུ་གཏོང་གི་ཡོད།
Brave བཤེར་ཆས་བཀོལ་སྤྱོད་ཀྱི་ཕན་ཡོན།
བདེ་འཇགས་ལྡན་པའི་བཤེར་ཆས།
Brave བཤེར་ཆས་ཀྱི་ནང་དུ་སྒེར་གྱི་རྣམ་པའི་ཐོག་དྲ་མྱུལ་བྱེད་པའི་གདམ་ག་ཡོད་པ་མ་ཟད། ཁ་པར་གྱི་འཆར་ངོས་སུ་དོན་མེད་ཀྱི་ཐོག་ནས་མངོན་ཡོང་བའི་ཁྱབ་བསྒྲགས་རིགས་འགོག་ཐུབ་ཀྱི་ཡོད། Brave བཤེར་ཆས་ཀྱི་ནང་དུ། ད་དུང་། ཁྲོར་བཤེར་ཆས་དང་ཐད་ཀར་སྦྲེལ་བའི་ཐོག་ནས་དྲ་མྱུལ་བྱེད་ཆོག་པའི་གདམ་གའང་ཡོད།
ཁྱེད་རང་འགེབས་སྲུང་བྱེད་སྟངས:
- དྲ་ཚིགས་ཁག་གི་སྟེང་དུ་ཡོད་པའི་རྗེས་འདེད་དང་ཁྱབ་བསྒྲགས་རིགས་འགོག་གི་ཡོད།
- ཁྱེད་རང་གིས་ལྟ་ཀློག་བྱ་སའི་དྲ་ཚིགས་ཁག་མིན་པའི་ཁོ་ཁེ་(cookies)ཚང་མ་རྒྱང་དུ་བསྐྱུར་གྱི་ཡོད།
- ཁྱེད་ཀྱི་དྲ་མྱུལ་གྱི་བྱེད་སྒོ་ཁག་རྗེས་འདེད་དང་ངོས་འཛིན་བྱེད་དཀའ་མོ་བཟོ་གི་ཡོད།
- དྲ་ཚིགས་གང་རུང་གིས་(HTTPS everywhere)གསང་སྡོམ་གྱི་འབྲེལ་མཐུད་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཚེ། དེའི་ཐོག་ཏུ་རིམ་སྤོར་བྱེད་ཀྱི་ཡོད།
- གནོད་ཚབས་ཆེ་བའི་དྲ་ཚིགས་དང་ཨང་ཚབ་སོགས་བཀག་འགོག་བྱེད་ཀྱི་ཡོད།
- སྒེར་གྱི་རྣམ་པའི་ཐོག་བཤེར་ཆས་ཁ་བརྒྱབ་བ་དང་། འཚོལ་བཤེར་གྱི་ལོ་རྒྱུས་ཆ་ཚང་རང་བཞིན་གྱི་ཐོག་ནས་གསུབ་འགྲོ་གིཡོད།
ཨན་ཌོ་ཁ་པར་སྟེང་དུ་Brave བཤེར་ཆས་ནང་འཇུག
འབྲེལ་ཐག་འདི་ཁ་ཕྱེ།
https://s3.amazonaws.com/loklad.com/brave.html

ཕབ་ལེན་གནང་རོགས་ཀྱི་ཐོག་ཏུ་ནོན།

ཨན་ཌོ་ནང་དུ་ཕབ་ལེན་གྱི་ཐོག་ཏུ་ནོན།

ཕབ་ལེན 下载་ཐོག་ལ་ནོན།

ཕབ་ལེན་གྲུབ་ན། 立即安装་ཐོག་ལ་མནན་ཏེ། ནང་འཇུག་བྱོས།

སྒྲིག་འགོད (设置) ཀྱི་ཐོག་ལ་མནན་ཏེ། ནང་འཇུག་གི་ཆོག་མཆན་སྤྲོད་དགོས།

གདམ་ག་འདི་གཡས་ཕྱོགས་སུ་དེད་དེ་ཆོག་མཆན་སྤྲོད།

དེ་ནས་ནང་འཇུག་བྱོས། མཉེན་ཆས་གསར་སྣོན་བྱེད་དགོས་ཚེ། 更新་ལ་ཐོག་ལ་ནོན་དགོས།
Brave བཤེར་ཆས་བཀོལ་སྤྱོད་བྱེད་སྟངས།
1.Brave བཤེར་ཆས་སྒོ་ཕྱེ།
2.འཆར་ངོས་འོག་གི་ཚེག་གསུམ་གྱི་ཐོག་ལ་ནོན། དེ་ནས།(新的无痕标签页)སྒེར་གྱི་རྣམ་པའི་ཐོག་དྲ་མྱུལ་གྱི་ཐོག་ལ་ནོན།

དྲ་མྱུལ་གྱི་ལོ་རྒྱུས་གསུབ་སྟངས།
དྲ་རྒྱའི་བཤེར་ཆས་ཁག་གིས་རང་འགུལ་གྱི་ཐོག་ནས་ཁྱེད་ཀྱིས་ལྟ་ཀློག་བྱ་སའི་དྲ་ཚིགས་ཁག་གི་ལོ་རྒྱུས་ཉར་ཚགས་བྱེད་ཀྱི་ཡོད་ལ། ཆ་འཕྲིན་དེ་དག་ཁྱེད་ཀྱི་དྲ་མྱུལ་གྱི་བདེ་འཇགས་ཀྱི་ཚུལ་དུ་བཤེར་ཆས་ཀྱི་ནང་དུ་གསོག་འཇོག་བྱེད་ཀྱི་ཡོད། ཁྱེད་ཀྱིས་དྲ་མྱུལ་གྱི་ལོ་རྒྱུས་དེ་བཀོལ་སྤྱོད་བྱས་པའི་ཐོག་ནས། དེ་སྔོན་ལྟ་ཀློག་བྱས་པའི་དྲ་ཚིགས་ཁག་གི་ཁ་བྱང་གཏགས་མ་དགོས་པར། མགྱོགས་མྱུར་ངང་བསྐྱར་ལྟ་བྱེད་ཆོག་གི་ཡོད་པ་མ་ཟད། དཔེ་རྟགས་ཀྱང་བཟོ་ཆོག གལ་ཏེ། ཁྱེད་ཀྱིས་སྒེར་གྱི་རྣམ་པའི་ཐོག་དྲ་མྱུལ་བྱེད་པའི་སྒེའུ་ཁུང་དེ་ཁ་འབྱེད་རྒྱུ་བརྗེད་ཚེ། སོ་སོའི་དྲ་མྱུལ་གྱི་ལོ་རྒྱུས་ཁག་བསྐྱར་ཞིབ་དང་གཙང་གསུབ་བྱེད་ཆོག
1.འཆར་ངོས་ཀྱི་ཚེག་གསུམ་གྱི་རྟགས་ཀྱི་ཐོག་ལ་མནན་རྗེས། ལོ་རྒྱུས་ཀྱི་ཟིན་ཐོའི (历史记录)་ཐོག་ལ་ནོན།

2.འི་ཁོངས་ནས། དྲ་མྱུལ་གཞི་གྲངས་གཙང་གསུབ་(清除浏览数据)ཀྱི་ཐོག་ལ་ནོན།

3.རང་ཉིད་ཀྱིས་གསུབ་འདོད་པའི་གཞི་གྲངས་ཁག་འདེམས།

མཐའ་མར་གཞི་གྲངས་གཙང་གསུབ་ཀྱི་ཐོག་ལ་ནོན།
2 comments