དྲ་ལམ་ཉེན་སྲུང་ཆེད་མཁས་པ་ཚོས། དུས་རྒྱུན་མི་ཚོར་དྲ་ཐོག་གི་ཉྭ་འཛིན་གྱི་འཇབ་རྒོལ་སྐོར་ལ་ཟབ་སྦྱོང་སྤྲོད་པ་དང་། ཁྱབ་བསྒྲགས་སྤེལ་བ། ཉེན་བརྡ་གཏོང་བ་སོགས་བྱེད་ཀྱི་ཡོད་རུང་། མི་ཚོས་ད་དུང་ཡང་ཉྭ་འཛིན་གྱི་འབྲེལ་ཐག་གི་གི་ཐོག་ཏུ་བསྣུན་གྱིན་ཡོད། ཉྭ་འཛིན་གྱི་འཇབ་རྒོལ་ལམ་ལྷོང་ཡོང་གི་ཡོད་པའི་རྒྱུ་རྐྱེན་གཙོ་བོ་དེ། མིའི་རིགས་ཀྱི་ཁྱད་མཚར་བའི་སེམས་པ་དང་ཚོར་སྣང་ལ་འབྲེལ་བ་ཆགས་ཡོད་ལ། འཇབ་རྒོལ་པས་ང་ཚོའི་ཚོར་བ་རྩེད་ཆས་བྱས་ཏེ་ང་ཚོར་འཇབ་རྒོལ་བྱེད་ཀྱི་ཡོད།
འཇབ་རྒོལ་ཇི་ལྟར་ཡོང་གི་ཡོད་མེད་སྐོར་གླེང་ན།
དང་པོ། དབང་ཆ།
དབང་ཆ་ནི་དྲ་ལམ་འཇབ་རྒོལ་ཁྲོད་ཀྱི་སྟོབས་ལྡན་གྱི་ལག་ཆ་ཞིག་ཆགས་ཀྱི་ཡོད། དཔེར་ན། འཇབ་རྒོལ་པ་ཞིག་ཁྱེད་རང་གི་འགོ་ཁྲིད་དང་། ཡང་ན། སྲིད་གཞུང་དང་ཁྲིམས་འཛིན་ལས་ཁུངས་སོགས་ལ་བརྫུས་སྐབས། ང་ཚོ་ཞེད་སྣང་ཆེན་པོ་སྐྱེས་ཏེ། འཇབ་རྒོལ་པའི་ཅི་བཤད་དང་ལེན་བྱས་ཏེ། འབྲེལ་ཐག་གི་ཐོག་ལ་བསྣུན་ངེས། ཡིག་ཟམ་ནང་གི་འཇབ་རྒོལ་མང་པོ་ཞིག་འདིའི་རིགས་ཡིན།
གཉིས་པ། ཆོད་སེམས་དང་རྒྱུན་མཐུད་པའི་བྱེད་ལས།
གལ་ཏེ། ཁྱེད་རང་མི་རྒན་འཁོགས་ཀྱི་ཁྱིམ་དང་། ཁྱིམ་མེད་པའི་སྤྲང་པོ། ཁྱི་གསོ་སྐྱོང་སོགས་ལ་དུས་རྒྱུན་དུ་ཞལ་འདེབས་སྤྲོད་མཁན་གྱི་མི་ཞིག་ཡིན་པའི་དབང་དུ་བཏང་ན། འཇབ་རྒོལ་པས་ཡིག་ཟམ་ནང་དུ་མི་རྒན་པར་རོགས་པ་བྱེད་མཁན་གྱི་ཚོགས་པ་ཞིག་ལ་བརྫུས་ཏེ་ཁྱེད་ལ་ཞབས་འདེབས་སློང་ངེས། མི་རྒན་པ་ལ་རོགས་པ་བྱེད་པའི་ལས་ཀ་དེ་འདྲའི་རིགས་ཁྱེད་རང་གི་རིན་ཐང་ལྟ་ཚུལ་དང་མཐུན་གྱི་ཡོད་སྟབས། ཁྱེད་ཀྱིས་ཐེ་ཚོམ་མེད་པར་རྒྱབ་སྐྱོར་བྱེད་ངེས་ལ། ཡིག་ཟམ་དེའི་ནང་གི་འབྲེལ་ཐག་གི་ཐོག་ལའང་བསྣུན་ངེས།
བརྩེ་སེམས།
རང་ཉིད་དགའ་སའི་མི་ཞིག་གིས་ཁྱེད་ལ་ལས་དོན་གང་རུང་ཞིག་གི་ཆེད་དུ་རེ་སྐུལ་ཞུ་དུས། ཁྱེད་ཀྱིས་དེ་མ་ཐག་དང་ལེན་བྱེད་ངེས། དེར་བརྟེན། ཁྱེད་རང་དགའ་སའི་མི་ཞིག་ལ་བརྫུས་པའི་ཡིག་ཟམ་ཞིག་འབྱོར་བའི་སྐབས་སུ། ཁྱེད་ཀྱིས་ཡིག་ཟམ་དེའི་ནང་གི་རེ་སྐུལ་ཁག་དང་ལེན་བྱེད་ངེས་པ་དེ་དྲ་ཐོག་གི་འཇབ་རྒོལ་པས་ཤེས་ཡོད།
དཀོན་པོ།
དྲ་ཐོག་གི་འཇབ་རྒོལ་པས་མི་སྒེར་གྱི་སེམས་འཚབ་གོ་སྐབས་སུ་བཟུང་སྟེ། འཇབ་རྒོལ་ལས་སླ་པོ་བྱེད་ཐུབ་ཀྱི་ཡོད། དཔེར་ན། ཏོག་
དབྱིབས་ནད་ཡམས་ལྟ་བུའི་ཆག་འཇིག་གི་སྐབས་སུ། ཧ་ཅང་དཀོན་པའི་གནས་ཚུལ་དང་ཐོན་རྫས་ཡོད་པར་བསྒྲགས་ཏེ། མི་ཚོ་འཇབ་རྒོལ་གྱི་རྙིའི་ནང་དུ་འགུག་གི་ཡོད།