སའེ་ཧྥོན།

སའེ་ཧྥོན་གྱིས་དྲ་རྒྱ་བེད་སྤྱོད་གཏོང་མཁན་ཚོར་བདེ་འཇགས་ངང་དྲ་རྒྱའི་བཀག་སྡོམ་གྱི་བཙན་རྫོང་གཏོར་བར་རོགས་འདེགས་བྱེད་ཀྱི་ཡོད། མཉེན་ཆས་དེས་ད་དུང་ཁྱེད་རང་སྐུད་མེད་དྲ་བར་མཐུད་དུས། ཁྱེད་རང་དང་དྲ་རྒྱའི་བར་དུ་གསང་བ་དང་བདེ་འཇགས་ཡིན་པའི་ཕུག་ལམ་ཞིག་བཟོས་ཏེ། ཁྱེད་རང་སྲུང་སྐྱོབ་བྱེད་ཀྱི་ཡོད། བཀོལ་ཆས་འདི་ནི། ཁ་ན་ཌའི་གྲོང་ཁྱེར་ཁྲི་རོན་ཁྲོ་གྲོང་ཁྱེར་ནང་དུ་ཡོད་པའི་བཟོ་ལས་ཁང་ཞིག་གིས་བསྐྲུན་པ་ཞིག་ཡིན། བཀོལ་ཆས་འདི་ཨན་ཌོ་ཁ་པར་དང་། ཀུ་ཤུ་ཁ་པར། (འོན་ཀྱང་། རྒྱལ་ནང་གི་ཀུ་ཤུའི་བིམ་མཛོད་ནང་དུ་མི་རྙེད།) སྐར་ཁུང་རྩིས་འཕྲུལ་བཅས་ཀྱི་ནང་དུ་བཀོལ་སྤྱོད་བྱེད་ཐུབ། ཕབ་ལེན་བྱ་སའི་དྲ་གནས་འདི་གཉིས་ཡིན། www.psiphon.ca ,https://s3.amazonaws.com/loklad.com/psiphon.html

སའེ་ཧྥོན་བཀོལ་སྤྱོད་ཀྱི་ཁེ་ཕན། 

བདེ་འཇགས་ཀྱི་ཐོག་ནས་ཆ་འཕྲིན་ལྟ་ཀློག་དང་གཞི་གྲངས་སྣ་ཚོགས་བརྒྱུད་སྐུར་བྱེད་ནུས།

བཀག་སྡོམ་བྱས་པའི་ཆ་འཕྲིན་ལོངས་སྤྱོད་བྱེད་ཐུབ།

སའེ་ཧྥོན་VPN ཁྱད་ཆོས་བརྒྱུད་ནས། བཀག་སྡོམ་བྱས་ཡོད་པའི་བཀོལ་ཆས་དང་སྡིངས་ཆ་སྣ་ཚོགས་བཀོལ་ཐུབ།

ཨན་ཌོ་ཁ་པར་ནང་དུ་ཕབ་ལེན་དང་ནང་འཇུག་བྱེད་སྟངས། 

གོ་རིམ་དང་པོ། གོ་རིམ་དང་པོ། ཁྱེད་ཀྱི་ཁ་པར་སྟེང་གི་དྲ་རྒྱ་བཤེར་ཆས་ཀྱི་ནང་དུ། གཤམ་གྱི་དྲ་ཚིགས་འདིའི་ཁ་བྱང་གཏགས་དགོསhttps://s3.amazonaws.com/loklad.com/psiphon.html

གོ་རིམ་གཉིས་པ། དྲ་ངོས་གཡས་ཀྱི་སྟེང་ཕྱོགས་ནས་རང་གི་འདོད་མོས་ལྟར་སྐད་ཡིག་བརྗེ་ཆོག

གོ་རིམ་གསུམ་པ། ཕབ་ལེན་གནང་རོགས་ཐོག་ཏུ་ནོན། དེ་ནས་ཨན་ཌོ་ནང་དུ་ཕབ་ལེན་གྱི་ཐོག་ཏུ་ནོན།

གོ་རིམ་བཞི་པ། གོ་རིམ་གསུམ་པ།(下载) ཕབ་ལེན་གྱི་ཐོག་ཏུ་ནོན།

གོ་རིམ་ལྔ་པ། ཕབ་ལེན་གྲུབ་ན། (立即安装)་ནང་འཇུག་གི་ཐོག་ཏུ་ནོན།

གོ་རིམ་དྲུག་པ།(设置)སྒྲིག་འགོད་ཀྱི་ཐོག་ལ་མནན་ཏེ། ནང་འཇུག་གི་ཆོག་མཆན་སྤྲོད་དགོས།

གོ་རིམ་བདུན་པ། གཡས་ཕྱོགས་སུ་འཐེན་ཏེ་ནང་འཇུག་གི་ཆོག་མཆན་སྤྲོད་དགོས། 


གོ་རིམ་བརྒྱད་པ། 安装་ནང་འཇུག་གི་ཐོག་ལ་མནན་ཚེ། ནང་འཇུག་བྱེད་ངེས། 


གོ་རིམ་དགུ་པ། མཉེན་ཆས་ཁ་ཕྱེ་སྟེ་བཀོལ་སྤྱོད་བྱེད་འགོ་ཚུགས། 

ཀུ་ཤུ་ཁ་པར་ནང་དུ་ནང་འཇུག་བྱེད་སྟངས།

རྒྱལ་ནང་གི་ཀུ་ཤུའི་བིམ་མཛོད་ནང་དུ་སའེ་ཧྥོན་མཉེན་ཆས་མེད། དེ་བས། རྒྱལ་ནང་དུ་སའེ་ཧྥོན་བཀོལ་དགོས་ཚེ། བིམ་མཛོད་ཀྱི་ཁ་བྱང་རྒྱལ་ཁབ་གཞན་པ་ཞིག་གི་ནང་དུ་ཐོ་འགོད་བྱས་ཏེ་བཟོ་དགོས། 

གོ་རིམ་དང་པོ། ཀུ་ཤུའི་བིམ་མཛོད་ཁ་ཕྱེ།


གོ་རིམ་གཉིས་པ། འཚོལ་བཤེར་ཡིག་སྒམ་གྱི་ནང་དུ། “Psiphon” གཏགས་རྗེས་ཕབ་ལེན་གྱི་ཐོག་ཏུ་ནོན། 


གོ་རིམ་གཉིས་པ། ངོ་བོ་ར་སྤྲོད་བྱེད་དགོས། དེ་བས། མཛུབ་རིས་དང་ངོ་གདོང་ངོས་འཛིན། དེ་བཞིན་གསང་གྲངས་སོགས་ཀྱི་གདམ་ག་གང་རུང་བརྒྱུད་དེ་ར་སྤྲོད་བྱས་ཚེ། ནང་འཇུག་འགོ་རྩོམ་ངེས།

གོ་རིམ་གསུམ་པ། མཉེན་ཆས་ཁ་ཕྱེ་སྟེ་བཀོལ་སྤྱོད་བྱེད་འགོ་ཚུགས། 

ཨན་ཌོ་ཁ་པར་སྟེང་དུ་སའེ་ཧྥོན་བཀོལ་སྤྱོད་བྱེད་སྟངས་དང་། དེའི་ཁྱད་ཆོས་ཁག

གོ་རིམ་དང་པོ། སའེ་ཧྥོན་ཁ་ཕྱེ་སྟེ་འགོ་འཛུགས(启动)་ཀྱི་ཐོག་ལ་ནོན། 


གོ་རིམ་གཉིས་པ། དྲ་བའི་ཞབས་ཞུ་ཆས་ཀྱི་ས་ཁུལ་(选择服务器地区)ཐོག་ལ་མནན་ཚེ། རྒྱལ་ཁབ་མང་པོའི་ཐོ་གཞུང་མངོན་ཡོང་ངེས། དེའི་ཁོངས་ནས་རྒྱལ་ཁབ་གང་འདོད་ལྟར་འདེམས་ཆོག


གོ་རིམ་གསུམ་པ། VPN སྒྲིག་འགོད་(VPN设置)ཀྱི་ཐོག་ལ་མནན་ཚེ། འཆར་ངོས་རྗེས་མར་འཁྲིད་འགྲོ་ངེས།

གོ་རིམ་བཞི་པ། འདིར་ཁྱེད་ཀྱིས་ཁ་པར་ནང་གི་བཀོལ་ཆས་ཡོད་དོ་ཅོག་གམ་ཡང་ན། བཀོལ་ཆས་བྱེ་བྲག་པ་གཅིག་འདེམས་ཏེ་དེ་ལ་གསང་བའི་ཕུག་ལམ་བསྐྲུན་ཆོག

གོ་རིམ་ལྔ་པ། འཆར་ངོས་ཡར་དེད་ཏེ། དེ་ལས་མང་བའི་གདམ་གའི(更多选项)་ཐོག་ཏུ་མནན་ཚེ། འོག་གི་པར་རིས་ནང་གསལ་ལྟར། ཁྱེད་རང་འཆར་ངོས་རྗེས་མར་འཁྲིད་འགྲོ་ངེས།


གོ་རིམ་དྲུག་པ། སྐད་ཡིག(语言)་གི་གདམ་གའི་ཐོག་ཏུ་མནན་ཚེ། སྐད་ཡིག་འདྲ་མིན་སྣ་ཚོགས་མངོན་ཡོང་ངེས་ལ། དེ་དག་གི་ཁོངས་ནས་རང་གི་འདོད་མོས་ལྟར་སྐད་ཡིག་གང་རུང་འདེམས་ཆོག


Leave a Reply

Your email address will not be published. Required fields are marked *