ལྒང་བཞུ་ནི། དྲ་རྒྱའི་ལྕགས་རི་གཏོར་ཏེ། སོ་སོའི་དགའ་མོས་བྱེད་སའི་བཀོལ་ཆས་དང་དྲ་ཚིགས་ཁག་རག་ཏུ་་འཇུག་པར་རོགས་པ་བྱེད་མཁན་གྱི་བཀོལ་ཆས་ཤིག་ཡིན་ལ། ཨ་རིའི་གྲོང་ཁྱེར་སན ཧྥུ་རན་སེ་སི་ཀོ གྲོངཁྱེར་ནང་དུ་ཡོད་པའི་བཟོ་ལས་ཁང་ཞིག་གིས་བཟོས་པའི་མཉེན་ཆས་ཤིག་ཡིན། འོན་ཀྱང་། མཉེན་ཆས་འདིས་ཁྲོར་ནང་བཞིན་ཁྱེད་ཀྱི་ངོ་བོ་སྦ་གསང་བྱེད་མི་ཐུབ། མཉེན་ཆས་འདི་གཤམ་གྱི་དྲ་ཚིགས་འདི་གཉིས་བརྒྱུད་ནས་ཕབ་ལེན་བྱེད་ཆོག ༡ ༽ www.getlantern.org ༢༽ https://s3.amazonaws.com/loklad.com/lantern.html
མཉེན་ཆས་འདི། སྐར་ཁུང་རྩིས་འཕྲུལ་དང་། ཀུ་ཤུ་རྩིས་འཕྲུལ། Linux རྩིས་འཕྲུལ། ཨན་ཌོ་ཁ་པར་བཅས་ཀྱི་ནང་དུ་བཀོལ་ཐུབ།
བཀོལ་སྤྱོད་ཀྱི་ཁེ་ཕན།
༡ ༽ བདེ་འཇགས་ཀྱི་ཐོག་ནས་ཆ་འཕྲིན་ལྟ་ཀློག་དང་གཞི་གྲངས་སྣ་ཚོགས་བརྒྱུད་སྐུར་བྱེད་ནུས།
༢ ༽ ཁྱེད་ཀྱི་དྲ་ཐོག་གི་གསང་རྒྱ་སྲུང་སྐྱོབ་བྱེད་ཐུབ།
༣ ༽ བཀག་སྡོམ་བྱས་ཡོད་པའི་བཀོལ་ཆས་དང་སྡིངས་ཆ་སྣ་ཚོགས་བཀོལ་དུ་འཇུག་ཐུབ།
ཨན་ཌོ་ཁ་པར་ནང་དུ་ཕབ་ལེན་དང་ནང་འཇུག་བྱེད་སྟངས།
གོ་རིམ་དང་པོ། གོ་རིམ་དང་པོ། ཁྱེད་ཀྱི་ཁ་པར་སྟེང་གི་དྲ་རྒྱ་བཤེར་ཆས་ཀྱི་ནང་དུ། གཤམ་གྱི་དྲ་ཚིགས་འདིའི་ཁ་བྱང་གཏགས་དགོས།
https://s3.amazonaws.com/loklad.com/lantern.html
(གཅིག་བྱས་ན་Firefox བཤེར་ཆས་ནང་མ་གཏོགས་ཕབ་ལེན་བྱེད་མི་ཐུབ། ངས་པའེ་ཏུའུ་དང་QQ བཤེར་ཆས་ནང་དུ་ཁ་འབྱེད་ཐུབ་མ་སོང་།)
གོ་རིམ་གཉིས་་པ། ཨན་ཌོ་ནང་དུ་ཕབ་ལེན་གྱི་ཐོག་ཏུ་ནོན། དེ་ནས། འཆར་ངོས་འོག་གི(下载)ཕབ་ལེན་གྱི་ཐོག་ཏུ་ནོན།
གོ་རིམ་གསུམ་པ། ཕབ་ལེན་གྲུབ་མཚམས།(打开) ཁ་ཕྱེའི་ཐོག་ལ་ནོན།
གོ་རིམ་བཞི་པ། (设置)སྒྲིག་འགོད་ཀྱི་ཐོག་ལ་མནན་ཏེ། ནང་འཇུག་གི་ཆོག་མཆན་སྤྲོད་དགོས།
གོ་རིམ་ལྔ་པ། (允许来自此来源的应用) གཡས་ཕྱོགས་སུ་འདེད་དགོས།
དེ་ནས(安装)ནང་འཇུག་གི་ཐོག་ལ་མནན་ཏེ། མཉེན་ཆས་ནང་འཇུག་བྱོས།
གོ་རིམ་དྲུག་པ། (允许)་ཐོག་ལ་མནན་ཏེ། ལྒང་བཞུ་རྟོག་བཟོས་མི་སྒེར་དྲ་བར་སྦྲེལ་བའི་ཆོག་མཆན་སྤྲོད་དགོས།
གོ་རིམ་བདུན་པ། པར་རིས་ནང་གསལ་བའི་གདམ་ག་དེ་གཡས་ཕྱོགས་སུ་དེད་ཚེ། VPN ལ་མཐུད་ཚར་བ་རེད།
དེ་ནས་ཁྱེད་ཀྱིས་བཀག་སྡོམ་བྱས་ཡོད་པའི་དྲ་ཚིགས་ཁག་ལ་ལྟ་ཀློག་བྱེད་ཐུབ།
བཀོལ་སྤྱོད་བྱས་ཚར་ན། གཡོན་ཕྱོགས་སུ་འདེད་དགོས།
3 comments