ཁྲོར་ཡིས་འཛམ་གླིང་སྟེང་གི་གློག་ཀླད་རྩིས་འཁོར་མང་པོ་ཞིག་དང་འབྲེལ་མཐུད་བྱས་ཏེ། ཙོང་གི་པགས་པ་ལྟར་རིམ་པ་མང་པོ་བརྩེགས་ཀྱི་ཡོད་སྟབས། མི་གཞན་གྱིས་དྲ་ཐོག་ནས་ཁྱེད་རང་རྗེས་འདེེད་གཏོང་མི་ཐུབ། ཁྲོར་དྲ་བའི་བཤེར་ཆས་དེ་སྔ་ས་ནས་སྒྲིག་བཟོ་བྱས་ཏེ།ཁྱེད་ཀྱི་དངོས་མིང་ཕྱི་ལ་མ་ཤོར་བའི་ཁག་ཐེག་བྱས་ཏེ། དྲ་ཐོག་ཏུ་ཁྱེད་རང་སྲུང་སྐྱོབ་བྱེད་ཀྱི་ཡོད།
བདེ་འཇགས་ལྡན་པའི་མཉེན་ཆས་འདི་བཀོལ་སྤྱོད་བྱས་ཏེ་དྲ་མྱུལ་བྱེད་སྐབས། སྲིད་གཞུང་དང་དྲ་བའི་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་གྱིས་ཁྱེད་ཀྱིས་དྲ་ཚིགས་གང་དག་ལ་ལྟ་ཀློག་བྱེད་ཀྱི་ཡོད་མེད་མི་ཤེས་ལ། དྲ་མྱུལ་བྱེད་མཁན་གྱི་མི་དེ་ཁྱེད་རང་ཡིན་མིན་ཡང་མི་ཤེས། དེ་བས། དྲ་ཐོག་ཏུ་ཁྱེད་རང་ངོས་འཛིན་དང་རྗེས་འདེད་གཏོང་སྲིད་པའི་ཞེད་སྣང་དང་སེམས་ཁྲལ་མི་དགོས།
ཁྲོར་བཤེར་ཆས་ཀྱི་ཁེ་ཕན།
གསང་བའི་ཐོག་ནས་དྲ་མྱུལ་བྱེད་ཐུབ་ལ་བདེ་འཇགས་ལྡན་པའི་ཐོག་ནས་གཞི་གྲངས་གཏོང་ལེན་བྱེད་ཐུབ།
ཁྱེད་རང་གི་ངོ་བོ་སྦ་གསང་བྱས་ཏེ་སྲུང་སྐྱོབ་བྱེད་ཐུབ།
བཀག་སྡོམ་བྱས་ཡོད་པའི་དྲ་ཚིགས་ཁག་ལ་ལྟ་ཀློག་བྱེད་པའི་གོ་སྐབས་སྤྲོད་ཀྱི་ཡོད།
གསང་བའི་མྱུལ་ཞིབ་ལ་གཡོལ་དུ་འཇུག་ནུས།
འབྲེལ་ཐག་འདི་ཁ་ཕྱེ།
https://s3.amazonaws.com/loklad.com/tor-browser.html
ཕབ་ལེན་གནང་རོགས་ཀྱི་ཐོག་ཏུ་ནོན།


ཕབ་ལེན 下载་ཐོག་ལ་ནོན།

ཕབ་ལེན་གྲུབ་ན། 立即安装་ཐོག་ལ་མནན་ཏེ། ནང་འཇུག་བྱོས།

དེ་ནས་ནང་འཇུག(安装)་གི་ཐོག་ལ་ནོན།

ནང་འཇུག་གི་ཆོག་མཆན་སྤྲོད་དགོས།

པར་རིས་ནང་གི་གདམ་ག་འདི་གཡས་ཕྱོགས་སུ་དེད་དེ་ཆོག་མཆན་སྤྲོད་དགོས།
དེ་ནས་ཁ་ཕྱེ (打开)་ཐོག་ལ་མནན་ཏེ། ཁྲོར་མཉེན་ཆས་ཁ་ཕྱེ།

Brave བཤེར་ཆས་བཀོལ་སྤྱོད་བྱེད་སྟངས།
ཁྲོར་བཤེར་ཆས་སྒོ་ཕྱེ།
དེ་ནས་འབྲེལ་མཐུད(连接)ཐོག་ལ་མནན་ཏེ། ཁྲོར་བཤེར་ཆས་དང་སྦྲེལ།

འབྲེལ་མཐུད་ཀྱི་བདེ་འཇགས་ཀྱི་ཚད་གཞི་གང་རུང་ཞིག་འདེམས་རྗེས། འཆར་ངོས་འོག་གི་འཚོལ་བཤེར་གྱི་དྲ་མིག་གི་ནང་དུ་དྲ་མྱུལ་བྱེད་འགོ་ཚུགས།

11 comments