མིས་བཟོས་རིག་ནུས ChatGPT


OpenAI ནི་མིས་བཟོས་རིག་ནུས་ཀྱི་འཕྲུལ་ཆས་གསར་གཏོད་དང་ཡར་རྒྱས་གཏོང་མཁན་གྱི་ཉམས་ཞིབ་ཀྱི་ཚོགས་པ་ཞིག་ཡིན་ལ། ཚོགས་པ་དེའི་ཉམས་ཞིབ་ལས་གཞིའི་ཆ་ཤས་ཤིག་གི་ཁྲོད་ནས་མིས་བཟོས་རིག་ནུས་ལ་བརྟེན་པའི་དམིགས་བསལ་སྐད་ཡིག་གི་མ་དཔེ་ཞིག་གསར་གཏོད་གནང་གྲུབ་ཡོད། 

OpenAI ཚོགས་པའི་ཉམས་ཞིབ་ཀྱི་ཁྱབ་ཁོངས་སུ་མིས་བཟོས་རིག་ནུས་དང་འབྲེལ་བའི་བརྗོད་གཞི་སྣ་ཚོགས་ཤིག་ཚུད་ཡོད་ལ། དེ་དག་གི་ཁྲོད་ནས་ཁ་ཤས་ཤིག་བགྲངས་ན། སྐད་ཡིག་ཐག་གཅོད་དང་། རྩིས་འཕྲུལ་གྱི་འཆར་སྣང་། འཕྲུལ་མི། རིག་ནུས་ལ་བརྟེན་ནས་སློབ་སྦྱོང་གི་ནུས་ཤུགས་ཆེ་རུ་གཏོང་བ་སོགས་སོ།།

ཚོགས་པ་དེས་མིས་བཟོས་རིག་ནུས་ཀྱི་ནུས་སྟོབས་གོང་མཐོར་བཏང་སྟེ་མིའི་རིགས་ཀྱི་སྤྱི་ཚོགས་ལ་ཁེ་ཕན་བསྒྲུབ་རྒྱུའི་ཐད་ལ་དམིགས་ཁ་གཏོད་ཀྱི་ཡོད་འདུག་ལ། ཁོང་ཚོས་དམིགས་ཡུལ་ནི་ཚད་མཐོ་ཞིང་དར་རྒྱས་ཆེ་བའི་མིས་བཟོས་རིག་ནུས་ཀྱི་མ་ལག་གསར་གཏོད་བྱ་རྒྱུ་དེ་ཡིན་འདུག

ChatGPT ནི། OpenAI ཚོགས་པའི་སྐད་ཡིག་ཐག་གཅོད་བྱེད་རྒྱུ་དམིགས་སུ་བཟུང་བའི་དམིགས་བསལ་གྱི་ལས་འཆར་ཞིག་ཡིན་ལ། ChatGPT ཡིས་གཏིང་ཟབ་པའི་སློབ་སྦྱོང་གི་རྩིས་ཚུལ་སྤྱད་དེ་འཛད་སྤྱོད་པ་ཞིག་གིས་ཡར་འཇུག་བྱས་པའི་དྲི་བ་དང་གནས་ཚུལ་ཁག་ལ་མི་ངོ་མ་དང་འདྲ་བར་ལན་འདེབས་གནང་ཐུབ་ཀྱི་ཡོད། ChatGPT དེ་མི་ཕན་ཚུན་བར་ཁ་བརྡ་བྱེད་པ་ལྟ་བུའི་རྣམ་པའི་ཐོག་འཆར་འགོད་བྱས་ཡོད་སྟབས། སྐད་ཡིག་གང་རུང་ཞིག་སྤྱད་དེ་དྲ་ངོས་དེར་ཡི་གེ་གཏགས་པ་ཡིན་ན་དེ་དག་ལམ་སེང་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་པ་མ་ཟད། ལན་འདེབས་ཀྱང་བྱེད་ཐུབ་ཀྱི་ཡོད། 


མདོར་བསྡུས་ན། OpenAI ནི་མིས་བཟོས་རིག་ནུས་གོང་མཐོར་གཏོང་ཐབས་སུ་འབད་རྩོལ་བྱེད་མཁན་གྱི་ཉམས་ཞིབ་ཀྱི་ཚོགས་པ་ཞིག་ཡིན་ལ། ChatGPT ནི། ཚོགས་པ་དེས་གསར་གཏོད་གནང་བའི་མིས་བཟོས་རིག་ནུས་ལ་བརྟེན་པའི་སྐད་ཡིག་གི་མ་དཔེ་ཞིག་ཡིན། 

*གསལ་བཤད། དུས་ད་ལྟའི་ཆར། ChatGPT ཁ་བརྡའི་ནང་བོད་ཡིག་ངོས་འཛིན་དང་ལན་འདེབས་ཡག་པོ་བྱེད་ཐུབ་ཀྱི་མི་འདུག

གལ་ཏེ། ཁྱེད་ཀྱིས་ChatGPT ཚོད་ལྟ་བྱེད་འདོད་ཚེ། དྲ་ངོས་འདི་ལ་ཕེབས། https://chat.openai.com/auth/login

Leave a Reply

Your email address will not be published. Required fields are marked *