དུང་དཀར་བཀོལ་ཆས་ཐོན་རིམ་༤.༠ སླེབས་པའི་གཏམ་བཟང་།


ལོ་ངོ་ཁ་ཤས་ཀྱི་གོང་དུ།  ༼དུང་དཀར་བོད་ཡིག་འཇུག་ཐབས།༽ཟེར་བའི་བོད་པའི་སྐད་ཆ་ཡིག་ཐོག་ཏུ་འབེབ་ཐུབ་པའི་བཀོལ་ཆས་གསར་པ་ཞིག་འདོན་སྤེལ་གནང་བ་དེས། བོད་སྐད་བཤད་ཤེས་ཀྱང་བོད་ཡིག་འབྲི་མི་ཤེས་མཁན་གྱི་བོད་པ་ཚོར་ཁེ་ཕན་ཆེན་པོ་བསྐྲུན་ཡོད་པ་མ་ཟད། བཀོལ་ཆས་ནང་གི་ཡིག་སྒྱུར་གྱི་ཁྱད་ཆོས་དེས་བོད་མི་མང་པོ་ཞིག་གི་དགོས་མཁོ་མི་ཉུང་བ་ཞིག་སྐོང་ཐུབ་ཡོད། དུང་དཀར་བཀོལ་ཆས་ནི་བོད་སྐད་ངོས་འཛིན་བྱེད་ཐུབ་པའི་བཀོལ་ཆས་ཐོག་མ་དེ་ཡིན་སྟབས། བཀོལ་ཆས་འདོན་ཐེངས་སྔོན་མའི་ནང་གི་ཨམ་སྐད་ཀྱི་སྒྲ་གདངས་ངོས་འཛིན་ཚད་ལྡན་མིན་པ་མ་ཟད། ཁམས་སྐད་ཀྱི་གདམ་ག་བཟོ་ཐུབ་མེད།


ཡིན་ནའང་། དགའ་འོས་པའི་གཏམ་བཟང་ཞིག་ནི། ཉེ་ལམ་གསར་དུ་འདོན་སྤེལ་གནང་བའི་ཨན་ཌོ་ཁ་པར་གྱི་ཆེད་དུ་བཟོས་པའི་དུང་དཀར་བཀོལ་ཆས་ཐོན་རིམ་༤.༠་དེའི་ནང་དུ། སྐད་སྒྲ་ངོས་འཛིན་མ་ལག་ལ་ལེགས་བཅོས་རབ་དང་རིམ་པ་མང་པོ་ཞིག་བྱས་མཐར། མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཆེན་པོ་གསུམ་ཅིག་ཅར་དུ་ངོས་འཛིན་ཐུབ་པ་དང་། དམིགས་བསལ་ཁམས་གྱི་ཡུལ་སྐད་ངོས་འཛིན་མ་ལག་ལེགས་འགྲུབ་བྱུང་ཡོད་འདུག བཀོལ་ཆས་འདོན་ཐེངས་གསར་པ་འདིའི་ཁོངས་སུ། སྟོད་མངའ་རིས་ཁུལ་གྱི་སྒེར་རྩེའི་ལུང་སྐད། བྱང་གི་ནག་ཆུའི་ལུང་སྐད་སོགས་བྱང་འབྲོག་ཁུལ་གྱི་ལུང་སྐད་གཙོར་བྱས་པའི་ཁམས་སྐད་ལས་མཆེད་པའི་ལུང་སྐད་གཞན་དག་གི་ངོས་འཛིན་ཚད་ཀྱང་མཐོ་རུ་བཏང་ཡོད་འདུག་པས། རྒྱ་ཆེའི་རོང་འབྲོག་མང་ཚོགས་གང་མང་ཞིག་ལ་ཕན་ཐོགས་ཡོང་བར་གདོན་མི་ཟའོ།།

བཀོལ་ཆས་ཐོན་རིམ་༤.༠་ནང་གི་ལེགས་བཅོས་བཏང་ཡོད་པ་ཁག་གཤམ་གསལ་ལྟར།

1:མདོ་དབུས་ཁམས་སྐད་ཅིག་ཅར་ངོས་འཛིན།
2:གདོང་རིས་ནང་གི་ཡིག་གཟུགས་བརྗེ་སྒྱུར།
3:རྒྱ་ཡིག་ཐེབས་དགུ་མ་གསར་སྣོན།
4:བོད་ཡིག་རྗེས་དཔག་ཚིག་གྲུབ་ལེགས་བཅོས།
5:དུང་དཀར་པར་ཆུང་གསར་སྣོན།

གསལ་བཤད། ཀུ་ཤུ་ཁ་པར་ནང་གི་དུང་དཀར་བཀོལ་ཆས་ཐོན་རིམ་གསར་པ་མི་འགྱངས་པར་འདོན་སྤེལ་བྱེད་རྒྱུ་རེད་འདུག


ཞིབ་ཕྲའི་གནས་ཚུལ་དུང་དཀར་བོད་ཡིག་འཇུག་ཐབས་ཀྱི་གཞུང་འབྲེལ་འཕྲིན་སྟེགས་འདི་བརྒྱུད་ནས་གཟིགས་རོགས།

ཡོངས་ཁུངས། དུང་དཀར་བོད་ཡིག་འཇུག་ཐབས།

*** བཀོལ་ཆས་ནི། རྒྱ་སྐད་དུ་应用 དང་། དབྱིན་སྐད་དུ་App ཟེར་བ་དེར་གོ་དགོས། བདག་གིས་བསམ་པར། བཀོལ་ཆས་ནི། App་ཡི་འགྱུར་རན་ཤོས་དང་ཡག་ཤོས་དེ་རེད་སྙམ་པས། ཀུན་གྱིས་ཐ་སྙད་འདི་གཅིག་གྱུར་དུ་བཀོལ་སྤྱོད་གནང་རོགས།

Leave a Reply

Your email address will not be published. Required fields are marked *