བཀོལ་ཆས་ནང་དུ་བོད་ཡིག་བཀག་སྡོམ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་། ཚན་རིག རིག་གནས་རྩ་འཛུགས་དང་མཉམ་འབྲེལ་གྱི་ཐོག་ནས་བསྒྲུབས་པའི་Talkmate ཟེར་བའི་ཁ་པར་གྱི་བཀོལ་ཆས་དེས་གཞུང་གི་སྲིད་ཇུས་ལ་ཁ་གཡར་ཏེ་བོད་སྐད་ཡིག་བཀག་སྡོམ་བྱས་ཡོད་འདུག

Talkmate ཟེར་བའི་བཀོལ་ཆས་དེ་ནི་པེ་ཅིན་གྱི་(北京酷语言时代教育科技有限公司)སྐད་ཡིག་ཚན་རྩལ་སྤྱི་གཉེར་ཁང་བཟོས་ཡོད་པ་དང་། དེའི་ནང་དུ་ཨ་རབ་ཀྱི་སྐད་དང་། ཡུ་རོབ་རྒྱལ་ཁབ་འདྲ་མིན་གྱི་སྐད་སོགས་འཛམ་གླིང་གི་སྐད་ཡིག་མི་འདྲ་བ་༡༠༠་ལྷག་ཙམ་གྱི་ནང་སློབ་ཁྲིད་མཁོ་སྤྲོད་བྱེད་ཀྱི་ཡོད་སྟབས། བཟོ་ཚོང་ཁང་འདིས་རང་ཉིད་ཀྱི་སྣ་མང་རང་བཞིན་ངོམ་སོ་བྱེད་ཀྱི་ཡོད། ཡིན་ནའང་བོད་སྐད་ཡིག་བཀག་སྡོམ་བྱས་པ་དེས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་། མི་རིགས་འདྲ་མཉམ་ལྟ་ཚུལ་ལ་རྒྱབ་འགལ་བྱས་ཡོད། 

བཟོ་ཚོང་ཁང་དེས་བོད་ཡིག་བཀག་སྡོམ་བྱས་པའི་ཉིན་ཁ་ཤས་ཀྱི་རྗེས་སུ། ཡང་བསྐྱར་རྒྱ་ནང་གི་དྲ་ལམ་ཐད་གཏོང་གི་བཀོལ་ཆས་གྲགས་ཅན་Bilibili  དེའི་ནང་ནས་ཀྱང་བོད་ཡིག་བཀག་སྡོམ་བྱས་ཡོད་འདུག  འོན་ཀྱང་། བོད་ཡིག་བཀག་སྡོམ་བྱེད་མཁན་གོང་གི་བཀོལ་ཆས་གཉིས་ཀ་ཁོ་ན་མིན། དཔེར་ན། མགྱོགས་འཕྲིན་དང་འཁྱུག་དབྱངས་སོགས་ཐད་གཏོང་བཀོལ་ཆས་གཞན་ཁག་གི་ནང་དུའང་བོད་ཡིག་བཀག་སྡོམ་བྱེད་ཀྱི་ཡོད། 

རྒྱལ་ནང་དུ་མི་གྲངས་དུང་ཕྱུར་༡༤་ལྷག་ཡོད། རྒྱ་སྐད་ནི་རྒྱལ་ཁབ་ཀྱི་གཞུང་འབྲེལ་སྐད་ཡིག་ཡིན་ལ། དེ་ཤེས་མཁན་རྒྱལ་ཁབ་ཀྱི་མི་འབོར་ཁྱོན་ཡོངས་ཀྱི་བརྒྱ་ཆ་70%ཙམ་མ་གཏོགས་མེད། རྒྱལ་ནང་དུ་གྲངས་ཉུང་མི་རིགས་༥༥་ཡོད་ལ། མི་རིགས་དེ་དག་གི་ཁེ་དབང་ལ་དམིགས་ཏེ། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་དུ། གྲངས་ཉུང་མི་རིགས་ཁག་གིས་སོ་སོ་རང་ཉིད་ཀྱི་སྐད་ཡིག་རྒྱུད་འཛིན་དང་དར་སྤེལ་བྱེད་ཆོག་པའི་བདག་དབང་སྤྲད་ཡོད་པ་རེད། 

Leave a Reply

Your email address will not be published. Required fields are marked *