ཀུ་ཤུ་ཁ་པར 13 Pro་ལ་འཇབ་རྒོལ།

ད་ལོ་ཁྲི་འདུ་གྲོང་ཁྱེར་ནང་དུ་ལོ་འཁོར་ཐེན་ཧྥུ་བུམ་པ(天府杯)་ཟེར་བའི་་རྒྱལ་སྤྱིའི་ནག་ཚོགས་མགྲོན་པོའི་(黑客)འགྲན་བསྡུར་དེ་འཚོགས་ཡོད། འགྲན་བསྡུར་འདི་ནི། རྒྱ་ནང་གི་ནག་ཚོགས་མགྲོན་པོ་(བདེ་འཇགས་ཉམས་ཞིབ་མི་སྣ)རྩེ་ཕུད་ཁག་གིས་ཁོང་ཚོའི་ཐུན་མོང་གི་ནུས་སྟོབས་ངོམ་སའི་སྡིངས་ཆ་ཞིག་ཆགས་ཡོད། དེ་ཡང་། གཟའ་འཁོར་སྔོན་མའི་གཟའ་མཇུག་ཏུ་འཚོགས་པའི་འགྲན་བསྡུར་དེའི་ཁྲོད་དུ། འཕྲུལ་རིག་ནག་ཚོགས་མགྲོན་པོ་རྩེ་ཕུད་ཁག་གིས་ཀུ་ཤུ་ཁ་པར་གསར་ཤོས་ཐོན་༡༣་པ་དང་། དེའི་ནང་གི་མ་ལག་ཐོན་གསར་ཤོས་(iOS 15.0.2) ཡིན་པའི་ཁ་པར་ལ་གཏོར་རྒོལ་ཐེངས་གཉིས་བྱེད་ཐུབ་པ་བྱུང་ཡོད།

ཁུ་ནུ་ཚོད་ལྟ་རུ་ཁག་(昆仑实验室)(ཚོགས་པ་འདིའི་སྤྱི་ཁྱབ་འགན་འཛིན་གྱིས་དེ་སྔོན་奇虎360 ཡི་འཕྲུལ་རིག་སྤྱི་ཁྱབ་འགན་འཛིན་གྱི་ལས་གནས་འཁུར་མྱོང་།)གིས་ཀུ་ཤུ་ཁ་པར་ནང་གི་སྔར་ཡོད་ཀྱི་དྲ་རྒྱ་བཤེར་ཆས་ས་ཧྥ་རེ(Safari )ནང་ལ་རྒྱང་རིང་གི་ཨང་ཚབ་ལག་བསྟར་བྱེད་པའི་ཐབས་ལམ་བེད་སྤྱད་དེ་འགྲན་བསྡུར་གྱི་གར་སྟེགས་ཐོག་ ཀུ་ཤུ་ཁ་པར་iPhone 13 Pro་ནང་དུ་འཇབ་རྒོལ་རྩོམ་ཐུབ་ལ། འཇབ་རྒོལ་་དེ་རྩོམ་པར་དུས་ཡུན་སྐར་ཆ་བཅོ་ལྔ་ཙམ་ལས་འགོར་མེད།

འཇབ་རྒོལ་དེ་སྡིངས་ཆའི་སྟེང་དུ་སྟོན་པར་ཁོང་ཚོས་ཟླ་བ་ཁ་ཤས་རིང་དུ་གྲ་སྒྲིག་བྱས་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད། ཡིན་ནའང་འཇབ་རྒོལ་གྱི་མྱུར་ཚད་དེས་ཡོད་ཚད་སེམས་འཚབ་ཀྱི་མཚོ་རླུང་ཁྲོད་དུ་བསྐྱེལ་ཡོད། འོན་ཀྱང་། དུས་ད་ལྟའི་ཆར། འཇབ་རྒོལ་གྱི་གནས་ཚུལ་དང་མ་ལག་ཁོངས་ཀྱི་ཉམས་ཞན་རང་བཞིན་གྱི་གནས་ཚུལ་ཞིབ་ཕྲ་ད་དུང་གསལ་སྟོན་བྱས་མེད་ལ། འཇབ་རྒོལ་གྱི་ལས་ཀ་དེའི་དམིགས་ཡུལ་ཇི་ལྟར་མངོན་འགྱུར་བྱས་ཡིན་མིན་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་ཡང་ཡོངས་བསྒྲགས་བྱས་མེད། སྙན་ཐོ་ཁག་ལ་གཞིར་བཞག་ན།  འཇབ་རྒོལ་དེའི་ཁོངས་སུ། མཛུབ་གནོན་ཐེངས་གཅིག་གིས་རྒྱང་རིང་གི་ཨང་ཚབ་ལག་བསྟར་བྱས་ཡོད་པ་དང་། དེས་ས་ཧྥ་རེ(safari)་བཤེར་ཆས་ནང་གི་བདེ་འཇགས་ཀྱི་མ་ལག་ལ་གཡོལ་ཡོད།

གཏམ་བཟང་ཞིག་ནི། འགྲན་བསྡུར་འདིའི་ཁྲོད་ཀྱི་འཇབ་རྒོལ་ནི་ནག་ཉེས་ཤིག་མིན། འཇབ་རྒོལ་རུ་ཁག་འདིས། འཇབ་རྒོལ་གྱི་ཞིབ་ཕྲའི་གནས་ཚུལ་ཆ་ཚང་ཀུ་ཤུ་བཟོ་ཚོང་ཁང་ལ་རྩིས་སྤྲོད་བྱེད་ངེས་པས། ཀུ་ཤུ་བཟོ་ཚོང་ཁང་གིས་སྐྱོན་ཆ་དེ་དག་ལ་ཞིབ་བཤེར་བྱས་ཏེ། ཀུ་ཤུ་མ་ལག་ཐོན་རྗེས་མའི་ཁོངས་ནས། སྔར་ཡོད་ཀྱི་བདེ་འཇགས་ཀྱི་སྐྱོན་ཆ་ཁག་དག་སེལ་བྱེད་ངེས་ཡིན། 

ཚོད་དཔག་བྱས་པ་ལྟར་ན། ཀུ་ཤུ་མ་ལག་ཐོན iOS15.1དང་ཡང་ན་འདོན་སྤེལ་བྱེད་ལ་ཉེ་བའི་མ་ལག་་iOS15.0གསར་སྣོན་བྱས་ཚེ། བདེ་འཇགས་ཀྱི་སྐྱོན་ཆ་འདི་དག་མེད་པར་བཟོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

གཏམ་ངན་ཞིག་ནི།  སྔོན་ཆད་མ་ལག་ཁོངས་ནས་རྙེད་སོན་བྱུང་བའི་སྐྱོན་ཆ་དེ་དག་བཟོ་ལས་ཁང་གིས་དག་སེལ་བྱས་མ་ཚར་བའི་སྔོན་དུ། གཞུང་གི་འབྲེལ་ཡོད་སྡེ་ཁག་ཁག་ཅིག་གིས་སྐྱོན་ཆ་དེ་དག་བེད་སྤྱད་དེ་གསང་མྱུལ་་དང་གནས་ཚུལ་རྐུ་འཁྱེར་གྱི་བྱེད་ལས་བརྩམས་ཡོད། 

ཀུ་ཤུའི་ཐོན་རྫས་ནི་2021ལོའི་ཐེན་ཧྥུའུ་བུམ་པའི་འགྲན་བསྡུར་གྱི་དམིགས་འབེན་ཉག་ཅིག་མིན་ཞེས་བཤད་ཆོག ནག་ཚོགས་མགྲོན་པོས(བདེ་འཇགས་ཉམས་ཞིབ་མི་སྣས)་ད་དུང་སྐར་ཁུང་10དང་གྷོ་གྷིལ་བཟོ་ཚོང་ཁང་གི་ཁི་རོམ་(Chrome)དྲ་རྒྱ་བཤེར་ཆས་བཅས་ཀྱི་ཐོག་ཏུའང་བདེ་བླག་ངང་འཇབ་རྒོལ་རྩོམ་ཐུབ་པ་བྱུང་ཡོད།

Leave a Reply

Your email address will not be published. Required fields are marked *