Samsung Galaxy Z Fold3 5G ཁ་པར།

ལྷོ་ཁོ་རི་ཡའི་འཕྲུལ་རིག་བཟོ་ལས་ཁང་གྲགས་ཅན་སེམས་སོང་བཟོ་ལས་ཁང་གིས་གསར་དུ་འདོན་སྤེལ་གནང་བའི་ལྟེབ་ཆོག་པའི་སེམས་སོང་ཁ་པར་ཐོན་༣་པའི་སྐོར་ལ་རོབ་ཙམ་བསྐྱར་ཞིབ་བྱེད་རྒྱུ་ཡིན།

ལྟེབ་ཆོག་པའི་སེམས་སོང་ཁ་པར་ཐོན་༣་པ་དེ་འདོན་ཐེངས་སྔོན་མ་ཁག་དང་བསྡུར་ན། བོངས་ཚད་ཀྱི་ཆ་ནས་ཆེ་བ་མ་ཟད། སྤུས་ཚད་ཀྱི་ཐད་ནས་ཀྱང་སྔར་ལས་མཐོ་བ་ཡོད་འདུག   ལྟེབ་ཆོག་པའི་ཁ་པར་ཁག་གི་གདོང་ལེན་བྱེད་དགོས་པའི་གནད་དོན་གཙོ་བོ་གཉིས་ནི། ཁ་པར་གྱི་འདང་ཚད་(ཚེ་ཚད)དང་མཉེན་ཆས་གཉིས་ཆགས་ཀྱི་ཡོད་པ་བཞིན། སེམས་སོང་བཟོ་ལས་ཁང་གིས་གནད་དོན་དེ་གཉིས་ཀའི་ཐོག་ཏུ་ཤུགས་སྣོན་རྒྱག་བཞིན་ཡོད།

དེང་སང་གི་ཁ་པར་ཕལ་ཆེ་བར་ཆུ་འགོག་གི་ནུས་པ་ཡོད་ཀྱང་། ལྟེབ་ཆོག་པའི་ཁ་པར་ཁག་གི་ནང་དུ་ཆུ་འགོག་གི་ནུས་པ་བསྐྲུན་རྒྱུ་དེ་དཀའ་ངལ་ཆེན་པོ་ཞིག་ཆགས་ཀྱི་ཡོད།  ཡིན་ནའང་། ལྟེབ་ཆོག་པའི་སེམས་སོང་ཁ་པར་གསར་པ་འདིའི་ནང་དུ། ད་གཟོད། ང་ཚོས་གཞི་ནས་ཆུ་འགོག་གི་ནུས་པའི་གྲུབ་ཆ་ཁག་ཅིག་མཐོང་ཐུབ་ཀྱི་ཡོད། ཁ་པར་གསར་པ་འདིའི་ཆུ་འགོག་གི་ནུས་པའི་ཚད་གཞི་དེ་ IP68མ་ཡིན་པར། IPX8 ཡིན་ལ། དེའི་དོན་ནི། གཏིང་ཚད་ལ་རྨིད་༡་དང་ཕྱེད་ཀ་ཡོད་པའི་ཆུའི་ནང་དུ་ལྷུང་རུང་སྐྱོན་ཤོར་གྱི་མེད། འོན་ཀྱང་ས་རྡུལ་འགོག་པའི་ནུས་པ་དེ་ཙམ་མེད། ཁ་པར་གསར་པ་འདིའི་སྟེང་དུ་སེམས་སོང་བཟོ་ཚོང་ཁང་གིས་བཟོས་པའི་S Pen གློག་སྙུག་བཀོལ་ཐུབ་ཀྱི་ཡོད་ལ། ཁ་པར་གྱི་འཆར་ངོས་ལ་སྐྱོན་མ་བཟོས་པའི་ཐོག་ནས།་དེའི་སྟེང་དུ་ཡི་གེ་དང་རི་མོ་སོགས་སྟབས་བདེའི་ངང་འབྲི་ཐུབ་ཀྱི་ཡོད། 

Samsung Galaxy Z Fold3 5G ཁ་པར་སྐོར་གྱི་གསལ་བཤད།

བོངས་ཚད། ལྟེབ་ན: 67.1×158.2x16mm-14.4mm; མ་ལྟེབ་ན་: 128.1×158.2×6.4mm, 

ལྗིད་ཚད། ཁེ་271; ལྟེབས་རྗེས་ཁ་པར་གྱི་མདུན་ངོས་ཤེལ་ཡིན་ལ། མ་ལྟེབས་ན་ཁ་པར་གྱི་མདུན་ངོས་འགྱིག་ཡིན། རྒྱབ་ངོས་ཡང་ཤེལ་ཡིན། ཕྱོགས་བཞི་ཧ་ཡང་གིས་བཟོས་ཡོད།

ཆུ་འགོག་ནུས་པ། IPx8

འཆར་ངོས།: 7.60″ Foldable Dynamic AMOLED 2X, 120Hz, HDR10+, 1768x2208px resolution, 18:22.5 aspect ratio, 374ppi; Cover display:, Dynamic AMOLED 2X, 120Hz, Corning Gorilla Glass Victus, 6.2 inches, 832 x 2268 pixels, 24.5:9 ratio.


ཉིང་ལྷེབ།: Qualcomm SM8350 Snapdragon 888 5G (5 nm): Octa-core (1×2.84 GHz Kryo 680 & 3×2.42 GHz Kryo 680 & 4×1.80 GHz Kryo 680); Adreno 660.

ཤོང་ཚད།: 256GB 12GB RAM, 512GB 12GB RAM; UFS 3.1.

ཉེར་སྤྱོད་མ་ལག: Android 11, One UI 3.5.

རྒྱབ་ཀྱི་པར་ཆས།: Wide (main): 12 MP, f/1.8, 26mm, 1/1.76″, 1.8µm, Dual Pixel PDAF, OIS; Ultra wide angle: 12 MP, f/2.2, 123˚, 12mm, 1.12µm; Telephoto: 12 MP, f/2.4, 52mm, 1/3.6″, 1.0µm, PDAF, OIS, 2x optical zoom.

མདུན་གྱི་པར་ཆས།: Under display camera: 16 MP, 1.0µm, 4MP binned photos, under display; Cover camera: 10 MP, f/2.2, 26mm, 1/3″, 1.22µm.

གློག་རྫས།: 4400mAh; Fast charging 25W, Fast wireless charging 11W, Reverse wireless charging 4.5W.

Leave a Reply

Your email address will not be published. Required fields are marked *