ཀྲུང་གོའི་བཟོ་ཚོང་ཁང་ཁག་ལྔས་ཨ་རིའི་རྒྱལ་སྲུང་བདེ་འཇགས་ལ་ཉེན་ཁ་བཟོས་ཡོད་ཟེར།

ཨ་རིའི་དབུས་གཞུང་གི་འབྲེལ་མཐུད་ལྷན་ཁང་གིས་ཨ་རིའི་འབྲེལ་མཐུད་ཀྱི་དྲ་བར་སྲུང་སྐྱོབ་བྱེད་པའི་ཆེད་དུ། ཕྱི་ལོ་༢༠༡༩་ལོར་གཏན་འབེབས་གནང་བའི་བཅའ་ཁྲིམས་ཤིག་གཞིར་བཟུང་སྟེ། ཨ་རིའི་རྒྱལ་སྲུང་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་གྱི་ཀྲུང་གོའི་ཚན་རྩལ་བཟོ་ལས་ཁང་ལྔ་ཡི་མིང་ཕྱིར་བསྒྲགས་བྱས་ཡོད་ལ། བཟོ་ཚོང་ཁང་དེ་དག་ནི། ཧྭ་ཝེ་བཟོ་ཚོང་ཁང་དང་།(华为技术有限公司) ཀྲུང་ཞུན་བཟོ་ཚོང་ཁང་།(中兴通讯) ཧེ་ནིན་ཏ་བཟོ་ཚོང་ཁང་།(海能达通讯)ཧང་ཀྲུག་གི་ཧའེ་ཁང་བཟོ་ལས་ཁང་། (杭州海康威视数字技术有限公司)ཀྲིག་ཅང་གི་ཏ་ཧྭ་བཟོ་ཚོང་ཁང་(浙江大华技术有限公司)བཅས་རེད་འདུག

ཕྱི་ལོ་༢༠༡༩་ལོར་གཏན་འབེབས་གནང་བའི་བཅའ་ཁྲིམས་ཤིག་གི་ནང་དུ། ཨ་རིའི་དབུས་གཞུང་གི་འབྲེལ་མཐུད་ལྷན་ཁང་གིས། ཨ་རིའི་རྒྱལ་སྲུང་བདེ་འཇགས་ལ་ངོས་ལེན་གནང་ཐབས་བྲལ་བའི་ཉེན་ཁ་སྤྲོད་ཀྱི་ཡོད་པའི་འཛམ་གླིང་ནང་གི་འབྲེལ་མཐུད་ཀྱི་ཡོ་ཆས་བཟོ་སྐྲུན་བྱེད་མཁན་དང་དེ་འབྲེལ་གྱི་ཞབས་ཞུ་མཁོ་སྤྲོད་བྱེད་མཁན་གྱི་བཟོ་ལས་ཁང་ངོས་འཛིན་བྱེད་དགོས་པའི་ཆ་རྐྱེན་བཏོན་ཡོད། དེ་ཡང་།ཨ་རིའི་དབུས་གཞུང་གི་འབྲེལ་མཐུད་ལྷན་ཁང་གི་ཚོགས་གཙོ་ལྕམ་ཇེ་སེ་ཁ རོ་སིན་ཝོར་སིལ་ལགས་ཀྱིས། ཨ་རིའི་རྒྱལ་སྲུང་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་གྱི་བཟོ་ལས་ཁང་གི་ཐོ་གཞུང་འདིས། ཨ་རིའི་ནང་གི་དྲ་བའི་འབྲེལ་མཐུད་ཀྱི་རིམ་པ་རྗེས་མ་ཁག་བསྐྲུན་པའི་སྐབས་སུ། འདས་པའི་ནོར་འཁྲུལ་བསྐྱར་ཟློས་མི་བྱེད་པའི་ཆེད་དུ་མིང་དོན་མཚུངས་པའི་ལམ་སྟོན་གནང་ཡོད་ཅེས་བརྗོད་ཡོད། 

ཕྱི་ལོ་༢༠༡༩་ལོར། ཨ་རིའི་གཞུང་གིས། ཧྭ་ཝེ་བཟོ་ཚོང་ཁང་དང་།(华为技术有限公司) ཀྲུང་ཞུན་བཟོ་ཚོང་ཁང་།(中兴通讯)་ཧའེ་ཁང་བཟོ་ལས་ཁང་སོགས་དཔལ་འབྱོར་གྱི་མིང་ཐོ་ནག་པོའི་ཁོངས་སུ་བཅུག་ཡོད་པ་དང་། ཨ་རིའི་དབུས་གཞུང་གི་འབྲེལ་མཐུད་ལྷན་ཁང་གིས། ཧྭ་ཝེ་དང་ཀྲུང་ཞུན་བཟོ་ཚོང་ཁང་གཉིས་ཨ་རིའི་རྒྱལ་སྲུང་བདེ་འཇགས་ལ་ཉེན་ཁ་ཡོད་པ་བརྗོད་དེ། ཨ་རིའི་ནང་གི་འཕྲུལ་རིག་བཟོ་ལས་ཁང་ཁང་གིས་རྒྱ་ནག་གི་བཟོ་ཚོང་ཁང་དེ་དག་ནས་འཕྲུལ་རིག་གི་ཡོ་ཆས་མངགས་ཉོ་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད། 

ཕྱི་ཟླ་༢་པའི་ནང་དུ། ཧྭ་ཝེ་བཟོ་ཚོང་ཁང་གིས་ཨ་རིའི་སྐོར་བསྐྱོད་ཁྲིམས་ཁང་ཨང་ལྔ་པར་དབུས་གཞུང་གི་འབྲེལ་མཐུད་ལྷན་ཁང་གི་བཀའ་རྒྱ་དེར་ངོས་ལེན་མེད་སྐོར་གྱི་ཞུ་གཏུགས་གནང་ཡོད་ཀྱང་། ཧྭ་ཝེ་བཟོ་ཚོང་ཁང་གིས་དབུས་གཞུང་གི་འབྲེལ་མཐུད་ལྷན་ཁང་གི་བཀའ་རྒྱ་དེའི་སྐོར་ལ་གསར་འགོད་པར་ལན་འདེབས་གང་ཡང་གནང་མེད། འོན་ཀྱང་། ཧའེ་ཁང་བཟོ་ལས་ཁང་་གིས་ཨ་རིའི་གཞུང་གི་ཐག་གཅོད་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་མ་ཟད། དེ་ལ་གདོང་ལེན་བྱེད་ཕྱོགས་གདམ་ག་གང་ཡོད་འཚོལ་གྱི་ཡོད་ཅེས་བརྗོད་ཡོད་ལ། རྒྱ་ནག་གི་བཟོ་ཚོང་ཁག་གཞན་གསུམ་གྱིས་དེའི་ཐོག་ཏུ་བསམ་ཚུལ་གང་ཡང་སྤེལ་མེད། 

ཟླ་༡༢་པའི་ནང་དུ། ཨ་རིའི་དབུས་གཞུང་གི་འབྲེལ་མཐུད་ལྷན་ཁང་གིས། ཧྭ་ཝེ་དང་ཀྲུང་ཞུན་བཟོ་ཚོང་ཁང་གཉིས་ཀྱི་ཡོ་ཆས་ལ་བརྟེན་པའི་ཨ་རིའི་ནང་གི་གློག་འཕྲིན་ལས་གཉེར་ཁང་སོགས་ཀྱིས་ངེས་པར་དུ་ཀྲུང་གོའི་ཡོ་ཆས་དེ་གཉིས་དང་འབྲེལ་བ་གཅོད་དགོས་པའི་དགོས་འདུན་བཏོན་ཡོད་ལ། ཨ་རིའི་གློག་འཕྲིན་ལས་གཉེར་ཁག་དེ་དག་ལ་གུན་གསབ་སྤྲོད་པའི་ལས་འཆར་ཞིག་བཟོས་པ་དེ་ལ། ཟླ་༡༢་པའི་ནང་དུ། ཨ་རིའི་ཁྲིམས་བཟོ་ལྷན་ཁང་གིས་ཨ་སྒོར་དུང་ཕྱུར་༡༩་ཡི་ཆོག་མཆན་བཀོད་ཡོད། 

Leave a Reply

Your email address will not be published. Required fields are marked *