རིན་གོང་མཐོ་བོ་མེད་ཀྱང་སྤུས་ཀ་ལེགས་པའི་OnePlus Nord ཁ་པར་ད་ཆ་ཁྲོམ་རའི་ནང་དུ་སླེབས་ཡོད། ཁ་པར་ཐོན་གསར་པ་འདིའི་ཇུས་འགོད་དང་ཆེ་ཆུང་སོགས་OnePlus 8་དང་འདྲ་བོ་ཡོད། ཁ་པར་གྱི་མཐའ་ཚང་མ་འགྱིག་གིས་བཟོས་ཡོད་རུང་། མདུན་རྒྱབ་གཉིས་ཀ་ཤེལ་གྱིས་བཏུམས་ཡོད། ཁ་པར་འདིའི་ནང་དུ་5G དྲ་བ་ལས་ཀ་བྱེད་ཀྱི་ཡོད་པས། རྗེས་ཕྱོགས་་ཁྱེད་རང་གི་སྡོད་གནས་སུ་5Gདྲ་བའི་ཞབས་ཞུ་སླེབས་མཚམས། ཁྱེད་ཀྱིས་5Gདྲ་བ་བཀོལ་སྤྱོད་བྱེད་ཆོག་ཆོག་ཡིན།
OnePlus Nord ཁ་པར་སྐོར་གྱི་གསལ་བཤད།
| རིན་གོང་། | དམངས་སྒོར། ༢༦༨༠ |
| ཉིང་ལྷེབ། | Qualcomm Snapdragon 765G 5G |
| ཉེར་སྤྱོད་མ་ལག | OxygenOS based on Android 10 |
| འཆར་ངོས། | 6.44 inches, Fluid AMOLED panel with 2400×1080 pixels resolution |
| ནང་གསོག་གི་ཤོང་ཚད། | 6GB+64GB |
| རྒྱབ་ཀྱི་པར་ཆས། | 48MP with Sony IMX586 + 8MP Ultra wide-angle lens + 5MP Depth lens + 2MP Macro lens |
| མདུན་གྱི་པར་ཆས། | 32MP with Sony IMX616 + 8MP Ultra Wide Angle Lens – Front |
| གློག་རྫས། | 4115mAh |
ཅིའི་ཕྱིར OnePlus Nord ཁ་པར་བཀོལ་སྤྱོད་བྱེད་དགོས།
ཁ་པར་འདི་རིན་གོང་གི་ཆ་ནས་དེ་འདྲ་མཐོ་བོ་མེད་པས། མི་ཚང་མས་ཉོ་ཐུབ་པ་མ་ཟད། ཁ་པར་འདི་ལ་རིན་གོང་ཧ་ཅང་མཐོ་བའི་ཁ་པར་གྱི་སྤུས་ཚད་ལྡན། OnePlus Nord དེ་ཁ་པར་ཡག་ཤོས་དེ་རེད་ཅེས་བཤད་དཀའ་ཡང་། ཁ་པར་འདིའི་བྱེད་ལས་མགྱོགས་པོ་ཡོད་པས། ཁ་པར་ནང་རྩེད་མོ་རྩེ་བ་དང་བྱེད་ལས་སྣ་ཚོགས་དུས་མཉམ་གཅིག་ཏུ་རྩོམ་དུས་དཀའ་ངལ་མེད། ཁ་པར་འདིའི་ཁྱད་ཆོས་གཙོ་བོ་ཞིག་ནི་པར་ཆས་ཡིན། མདུན་དུ་པར་ཆས་གཉིས་དང་། རྒྱབ་ཏུ་པར་ཆས་བཞི་བཅས་ཁྱོན་བསྡོམས་པར་ཆས་དྲུག་ཡོད་པ་དེ་དག་གིས་ཁྱད་ཆོས་འདྲ་མིན་གྱི་པར་སྣ་ཚོགས་ལེན་ཐུབ་ཀྱི་ཡོད།
བཟང་ཆ།
༡༽ རིན་གོང་མཐོ་བོ་མེད་ཀྱང་སྤུས་ཀ་ལེགས།
༢༽ ཇུས་འགོད་ཧ་ཅང་ལེགས།
༣༽ པར་ཆས་ལ་ཁྱད་ཆོས་མང་པོ་ཡོད།
༤༽ 5G ཁ་པར་གོང་ཆུང་ཤོས་ཀྱི་གྲས་ཡིན།
སྐྱོན་ཆ།
༡༽ གློག་རྫས་ཀྱི་འདང་ཚད་ཆེས་སྤྱིར་བཏང་ཡིན་པས། ཉིན་མ་རེ་རེར་གློག་གསོག་དགོས་ཀྱི་ཡོད།
༢༽ མདུན་ངོས་སུ་པར་ཆས་གཉིས་ཡོད་སྟབས། དེས་ཁ་པར་གྱི་བརྡ་ལན་ཁག་སྟོན་སའི་ས་ཆ་མང་པོ་ཟིན་གྱི་ཡོད།
༣༽ ས་རྡུལ་དང་ཆུ་འགོག་གི་ནུས་པའི་ཚད་གཞི IP་བརྒྱ་ཆ་གང་ཡང་སྤྲད་མི་འདུག་པས། ཆུ་དང་ས་རྡུལ་འགོག་ཐུབ་པའི་ནུས་པ་ཡོད་མེད་ཁག་ཐེག་བྱེད་མི་ཐུབ།
༤༽ སྐུད་མེད་གློག་གསོག་གི་ཆ་རྐྱེན་མེད།
༥༽ རྣ་ཉན་མེད།
