ཐོག་མའི་ངོ་སྤྲོད།
བོད་ཁུལ་གྱི་དྲ་རྒྱའི་འབྲེལ་མཐུད་སྐོར་གླེང་དུས། མི་མང་པོ་ཞིག་གིས་བོད་ཁུལ་དུ་དྲ་རྒྱའི་འབྲེལ་མཐུད་རེག་རྒྱུ་ཧ་ཅང་དཀའ་རྒྱུ་རེད་སྙམ་གྱི་ཡོད། དོན་དངོས་ཐོག བོད་ཁུལ་དུ་དྲ་རྒྱའི་འབྲེལ་མཐུད་རེག་རྒྱུ་དེ་ང་ཚོས་བསམ་པ་ལས་ཧ་ཅང་ལས་སླ་པོ་ཡོད། འོན་ཀྱང་དྲ་བའི་འབྲེལ་མཐུད་ལས་སླ་པོ་རེག་ཐུབ་པ་གང་ཞིག་ལ། དཀའ་ངལ་དང་མགོ་ཉོག་མང་པོ་ཞིག་ཀྱང་མཉམ་དུ་སླེབས་ཡོང་གི་ཡོད། བོད་ཕྱི་ནང་གཉིས་ནས་ཕར་ཚུར་ལ་གནས་ཚུལ་གཏོང་ལེན་བྱེད་པའི་ལམ་ཁ་ཆ་ཚང་ཞིབ་བཤེར་དང་བཀག་སྡོམ་བྱེད་ཀྱི་ཡོད་ལ། ཀྲུང་གོ་འཁྱེར་འཕྲིན (中国移动) དང་། ཀྲུང་གོ་འབྲེལ་འཕྲིན་(中国联通) ཀྲུང་གོ་གློག་འཕྲིན་(中国电信) གསུམ་ཁོ་ནར་མ་གཏོགས། བོད་ནང་དུ་དྲ་བའི་ཞབས་ཞུ་མཁོ་སྤྲོད་བྱེད་པའི་དབང་ཆ་མེད།
བོད་ནང་གི་དྲ་རྒྱའི་སྐོར་གྱི་གཞི་རྩའི་གནས་ཚུལ།
-
- དྲ་ཚིགས་དང་མཉེན་ཆས་མང་དག་ཅིག་བཀག་སྡོམ་བྱས་ཡོད། སྲིད་གཞུང་གི་ངོས་ནས། བྱེས་སུ་ཡོད་པའི་བོད་པའི་དྲ་ཚིགས་ཁག་ཐོ་གཞུང་ནག་པོའི་ཁོངས་སུ་བཅུག་ཡོད་ལ། རྒྱལ་སྤྱིའི་སྟེང་གི་གྲགས་ཆེ་བའི་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་རིགས་དཔེར་ན། ངོ་དེབ་དང་། ཐོས་ཐར (Twitter) Instagram སོགས་དང་། རྣམ་རྒྱུན་བཀོལ་སྤྱོད་ཧ་ཅང་ཆེ་བའི་ཇི་མེལ་ཡིག་ཟམ་དང་། གྷོ་གྷིལ་ས་ཁྲ། ཡཱ་ཧོ་སོགས་ཀྱང་བཀག་སྡོམ་བྱས་ཡོད།
-
- དྲ་བའི་མགྱོགས་ཚད་ཧ་ཅང་དལ་པོ་ཡིན། ཞིབ་བཤེར་དང་བཀག་སྡོམ་གྱི་མ་ལག་གི་དབང་གིས། ཕྱི་རྒྱལ་གྱི་དྲ་ཚིགས་ཁག་མྱུལ་དུས། དྲ་བའི་མགྱོགས་ཚད་དལ་དྲགས་པའི་དཀའ་ངལ་འཕྲད་ཀྱི་ཡོད། འོན་ཀྱང་། ཁྱེད་ཀྱིས་རྒྱལ་ནང་གི་དྲ་ཚིགས་གཅིག་པུར་ལྟ་འདོད་ཚེ། དྲ་བའི་འབྲེལ་མཐུད་ལ་དཀའ་ངལ་དེ་ཙམ་མེད།
-
- དྲ་རྒྱར་ཞིབ་བཤེར་བྱེད་ཀྱི་ཡོད། བོད་ཕྱི་ནང་གཉིས་ནས་ཕར་ཚུར་ལ་གཏོང་ལེན་བྱེད་པའི་གནས་ཚུལ་རིགས་ཆ་ཚང་གཞུང་གིས་དོ་དམ་བྱེད་ཀྱི་ཡོད། གཞི་གྲངས་ཚང་མ་ཞིབ་བཤེར་ནན་མོ་བྱེད་ཀྱི་ཡོད། ཕྱི་རྒྱལ་གྱི་བོད་པའི་ཚོགས་པ་སྒྲིག་འཛུགས་ཁག་དང་འབྲེལ་བའི་འཚོལ་བཤེར་གྱི་ཐ་སྙད་རིགས་བཀག་སྡོམ་བྱེད་ཀྱི་ཡོད།
- དྲ་རྒྱར་ཞིབ་བཤེར་བྱེད་ཀྱི་ཡོད། བོད་ཕྱི་ནང་གཉིས་ནས་ཕར་ཚུར་ལ་གཏོང་ལེན་བྱེད་པའི་གནས་ཚུལ་རིགས་ཆ་ཚང་གཞུང་གིས་དོ་དམ་བྱེད་ཀྱི་ཡོད། གཞི་གྲངས་ཚང་མ་ཞིབ་བཤེར་ནན་མོ་བྱེད་ཀྱི་ཡོད། ཕྱི་རྒྱལ་གྱི་བོད་པའི་ཚོགས་པ་སྒྲིག་འཛུགས་ཁག་དང་འབྲེལ་བའི་འཚོལ་བཤེར་གྱི་ཐ་སྙད་རིགས་བཀག་སྡོམ་བྱེད་ཀྱི་ཡོད།
- དྲ་བའི་འབྲེལ་མཐུད་གསང་བ་དང་བརྟན་པོ་མིན། བོད་ཕྱི་ནང་གཉིས་ནས་ཕར་ཚུར་ལ་གཏོང་ལེན་བྱེད་པའི་གནས་ཚུལ་རིགས་ཆ་ཚང་གཞུང་གིས་དོ་དམ་བྱེད་ཀྱི་ཡོད། ཐ་ན། ཁྱེད་རང་སྒེར་གྱི་ཡོ་ཆས་རིགས་དཔེར་ན། ཁ་པར་དང་རྩིས་འཁོར་སོགས་ཀྱང་བརྟན་པོ་མིན།
དྲ་བའི་ཞབས་ཞུ་མཁོ་སྤྲོད་མཁན་གཙོ་བོ་ཁག
བོད་ནང་དུ་སྲིད་གཞུང་གི་དོ་དམ་འོག་ཡོད་པའི་དྲ་བའི་ཞབས་ཞུ་མཁོ་སྤྲོད་མཁན་གཙོ་བོ་གསུམ་ཡོད་ལ། དེ་དག་ནི། ཀྲུང་གོ་འཁྱེར་འཕྲིན (中国移动) དང་། ཀྲུང་གོ་འབྲེལ་འཕྲིན་(中国联通) ཀྲུང་གོ་གློག་འཕྲིན་(中国电信) གསུམ་ཡིན།
རྟོག་བཟོས་མི་སྒེར་དྲ་བ་(VPN)བཀོལ་སྤྱོད།
རྟོག་བཟོས་མི་སྒེར་དྲ་བ་ནི་ཅི་ཞིག་ཡིན།
རྟོག་བཟོས་མི་སྒེར་དྲ་བས། ཡོ་ཆས་ཤིག་དྲ་བར་མཐུད་དུས། དྲ་བའི་བརྒྱུད་ལམ་ཁག་གསང་སྡོམ་བྱེད་ཀྱི་ཡོད། གསང་སྡོམ་བྱས་པའི་དྲ་བའི་འབྲེལ་མཐུད་ཀྱིས། གཞི་གྲངས་དང་ཡིག་ཆ་གལ་ཆེན་རིགས་བདེ་འཇགས་ཀྱི་སྒོ་ནས་བརྒྱུད་གཏོང་བྱེད་ཐུབ་པའི་ཁག་ཐེག་བྱེད་ཀྱི་ཡོད་ལ། དེས་མི་སྒེར་དང་སྲིད་གཞུང་གང་རུང་གིས་ཆོག་མཆན་མེད་པའི་ཐོག་ནས། དྲ་བའི་འབྲེལ་མཐུད་ལ་ལྐོག་ཉན་དང་གསང་མྱུལ་བྱེད་པ་སོགས་བཀག་འགོག་བྱེད་ཀྱི་ཡོད།
ཅིའི་ཕྱིར་རྟོག་བཟོས་མི་སྒེར་དྲ་བ་བཀོལ་སྤྱོད་བྱེད་དགོས།
བོད་ནི་དྲ་རྒྱར་སྟངས་འཛིན་དང་བཀག་སྡོམ་ནན་མོ་བྱ་སའི་ཁོར་ཡུག་ཅིག་གི་ནང་དུ་ཡོད་པས། རང་ཉིད་སྒེར་གྱི་གསང་རྒྱ་ངེས་པར་དུ་ཡིད་གཟབ་བྱེད་དགོས། གསང་མྱུལ་བྱེད་མཁན་གྱིས་རང་ཉིད་དང་ནང་མི་སྤུན་མཆེད་སོགས་ལ་དགོས་མེད་ཀྱི་དཀའ་ངལ་བཟོ་རུ་འཇུག་འདོད་མེད་ཚེ། རང་ཉིད་ཀྱི་དྲ་བའི་འབྲེལ་མཐུད་བརྟན་པོ་དང་གསང་སྡོམ་བྱེད་རྒྱུ་ནི་སྣང་མེད་དུ་འཇོག་མི་རུང་བའི་གནད་དོན་གལ་ཆེན་ཞིག་ཡིན། དེ་མ་ཟད།རྟོག་བཟོས་མི་སྒེར་དྲ་བ་བཀོལ་སྤྱོད་བྱས་ཚེ། ཁྱེད་ཀྱིས་youtube དྲ་བརྙན་དང་། ངོ་དེབ་སོགས་རྒྱལ་ནང་དུ་བཀག་སྡོམ་བྱས་ཡོད་པའི་དྲ་ཚིགས་དང་མཉེན་ཆས་ཁག་ལྟ་ཀློག་དང་བཀོལ་སྤྱོད་བྱེད་ཐུབ།
མཇུག་སྡོམ།
བོད་ནང་དུ་དྲ་རྒྱ་བཀོལ་སྤྱོད་བྱེད་པ་དང་འཛམ་གླིང་གི་རྒྱལ་ཁབ་གཞན་ཁག་གི་ནང་དུ་དྲ་རྒྱ་བཀོལ་སྤྱོད་བྱེད་པ་དེ་གཉིས་གཏན་ནས་མི་འདྲ། བོད་ཁུལ་དུ་སྲིད་གཞུང་ལ་གནོད་སྲིད་པའི་དྲ་ཚིགས་མང་པོ་ཞིག་བཀག་སྡོམ་བྱས་ཡོད་པ་མ་ཟད། དྲ་བའི་བརྒྱུད་ལམ་ཡོངས་ལ་སྟངས་འཛིན་དང་དོ་དམ་ནན་མོ་བྱེད་ཀྱི་ཡོད། གནས་སྟངས་ཧ་ཅང་དཀའ་ལས་ཁག་པོ་ཡོད་རུང་། ཁྱེད་ཀྱིས་རྟོག་བཟོས་མི་སྒེར་དྲ་བ་བཀོལ་སྤྱོད་བྱས་ཚེ། རང་ཉིད་ཀྱི་ངོ་བོ་གསང་བ་ཉར་ཐུབ་ལ། དྲ་ཐོག་གི་གསང་མྱུལ་རིགས་ལའང་གཡོལ་ཐུབ་པ་ཡིན་ནོ།།
དངོས་གནས་ཧ་ལས་པ་ཡག་པོ་འདུག