ནམ་རྒྱུན་གློག་འཕྲིན་ཡིག་ཟམ་གྱི་ནང་དུ། ཟུར་སྣོན་སྦྱར་བའི་ཡི་གེ་ཞིག་འབྱོར་བའི་སྐབས་སུ། ང་ཚོས་ཟུར་སྣོན་དེ་ཕབ་ལེན་བྱས་པའི་མཇུག་འབྲས་ལ་བསམ་བློ་གང་ཡང་མ་བཏང་བར།་ཡིག་ཆ་ཐད་ཀར་ཕབ་ལེན་བྱེད་པའི་གོམས་གཤིས་ཤིག་ཡོད། འོན་ཀྱང་། ཟུར་སྣོན་གྱི་ཁོངས་སུ་གནོད་འཚེ་ཆེ་བའི་དྲ་འབུ་བསྐུངས་ཡོད་པའི་ཉེན་ཁ་ཆེན་པོ་ཡོད་པས། ཁྱེད་ཀྱིས་ཟུར་སྣོན་གྱི་སྒང་ལ་མནན་པ་ཙམ་གྱིས། དེའི་ཁོངས་སུ་སྦས་པའི་དྲ་འབུ་དེ་ལྐོག་ཏུ་ཁྱེད་རང་གི་གློག་ཀླད་ཀྱི་མ་ལག་གི་ཁོངས་སུ་འཛུལ་ངེས་ལ། དང་ཐོག་མ་ལག་རང་ལ་ནད་འབུ་འགོས་སུ་བཅུག་སྟེ། དེ་ནས་ཁྱེད་ཀྱི་གློག་ཀླད་ལ་སྟངས་འཛིན་དང་བཀོད་འདོམས་བྱེད་ངེས།
དེ་ན་ཁྱེད་ཀྱིས་རང་ཉིད་ཟུར་སྣོན་གྱི་ཉེན་ཁ་ལས་ཇི་ལྟར་སྐྱོབ་དགོས་སམ།སྟབས་ལེགས་པ་ཞིག་ལ། གྷོ་གྷིལ་སྐུལ་ཆས་ཀྱི་ཆ་ཤས་ཡིན་པའི་གྷོ་གྷིལ་སྔོན་ལྟ་ཟེར་བའི་ཁྱད་ཆོས་འདིས་ཟུར་སྣོན་གྱི་ཉེན་ཁ་འདི་སྔོན་འགོག་བྱེད་ཐུབ་ཀྱི་ཡོད། ཁྱད་ཆོས་འདིས་ཁྱེད་རང་ལ་འབྱོར་བའི་ཟུར་སྣོན་རིགས་ཕབ་ལེན་བྱེད་མ་དགོས་པའི་ཐོག་ནས་ཞིབ་ལྟ་བྱེད་དུ་འཇུག་གི་ཡོད།
ཇི་ལྟར་ཡིག་ཆ་ཞིབ་ལྟ་བྱེད་དགོས།
ཡིག་ཟམ་ནང་ཁྱེད་ལ་འབྱོར་བའི་ཡི་གེ་དེ་ཁ་ཕྱེས།
1 . ཟུར་སྣོན་ཕབ་ལེན་མ་བྱས་པར། ཙི་ཙིའི་མདའ་མགོ་ཟུར་སྣོན་གྱི་སྒང་དུ་བཞག་རྗེས། གཡས་ཕྱོགས་སུ་གནོན་དགོས། ཟུར་སྣོན་གྱི་ཡིག་ཆ་ཁག་PDF དང་། DOCX, JPEG སོགས་གང་རུང་ཡིན་ཆོག
2. སྔོན་ལྟའི( Preview)་གདམ་གའི་ཐོག་ཏུ་གནོན་དགོས།
ཁྱེད་ཀྱིས་ཡིག་ཆ་དེའི་ནང་དོན་ཚང་མ་མཐོང་ཐུབ། ཡང་ན།ཟུར་སྣོན་གྱི་སྒང་ལ་ཐེངས་གཅིག་མནན་ཚེ། ཟུར་སྣོན་དེ་ལ་སྔོན་ལྟ་བྱེད་དུ་འཇུག་གི་ཡོད།
ཁེ་ཕན།
ཕབ་ལེན་མ་བྱས་པའི་སྔོན་དུ། ཡིག་ཆའི་ནང་དོན་ལྟ་ཀློག་བྱེད་ཐུབ།
དྲ་འབུ་ཡོད་པའི་ཡིག་ཆ་ཕབ་ལེན་གྱི་ཉེན་ཁ་གང་ཡང་མེད།
གློག་འཕྲིན་ཡིག་ཟམ་གྱི་ཁ་བྱང་ལ་ཞིབ་ལྟ།
ནམ་རྒྱུན་གློག་འཕྲིན་ཡིག་ཟམ་རྫུན་མ་དེ་འདྲས་ཁུངས་ལྡན་གྱི་མི་དང་ལས་ཁུངས་གང་རུང་གི་ངོ་བོར་བརྫུས་ཏེ། ང་ཚོར་་མགོ་སྐོར་གཏོང་གི་ཡོད་ལ། ཡིག་ཟམ་ཁ་བྱང་རྫུན་མ་ཡིན་མིན་གྱི་ཐད་ལ། བསམ་བློ་གང་ཡང་མ་བཏང་བའི་ཐོག་ནས།ཡིག་ཟམ་ནང་གི་ཟུར་སྣོན་ཁ་འབྱེད་དུ་འཇུག་གི་ཡོད། འདི་ནི་དངོས་ཡོད་ཐོག་དྲ་འབུ་ཁྱབ་སྤེལ་བྱེད་ཐབས་ཀྱི་ལམ་ཁ་ཡག་ཤོས་དེ་ཆགས་ཡོད། དེར་བརྟེན། ཡིག་ཟམ་གྱི་ཁ་བྱང་ལ་ཞིབ་ལྟ་བྱེད་རྒྱུ་ཧ་ཅང་གལ་ཆེ།
སྐར་ཆ་༣༠་རིང་གི་དྲ་ཐོག་གི་ཞིབ་དཔྱོད་པ་ཞིག་བྱོས།
དང་པོ། གློག་འཕྲིན་ཡིག་ཟམ་ནང་ཡི་གེ་གཏོང་མཁན་གྱི་གང་ཟག་དེ་ཁྱེད་ཀྱིས་ངོ་ཤེས་མིན་བརྩད་གཅོད་དགོས།
གཉིས་པ། ཡི་གེ་གཏོང་མཁན་ངོ་ཤེས་རུང་། ཁ་བྱང་གཞན་པ་ཞིག་བརྒྱུད་དེ་བཏང་ཡོད་མེད་ཞིབ་ལྟ་བྱེད་དགོས།
གསུམ་པ། ཡིག་ཟམ་འགོ་བརྗོད་ཀྱི་ནང་དུ་མིའི་མིང་གི་དག་ཆ་ནོར་ཡོད་མེད་ལྟ་དགོས།
བཞི་པ། ཁུངས་ལྡན་གྱི་ཟུར་སྣོན་དང་འབྲེལ་ཐག་ཡིན་མིན་བརྟག་དཔྱད་བྱེད་དགོས།
འགོ་བརྗོད་ཞིབ་ལྟ། འགོ་བརྗོད་ཞིབ་ལྟ་མ་བྱས་པའི་སྔོན་དུ། ང་ཚོས་འགོ་བརྗོད་ཀྱི་ཁོངས་སུ། འཕྲིན་ཐུང་གི་ཁ་བྱང་དང་། གཏོང་མཁན་དང་གཏང་ཡུལ་སུ་ཡིན་མིན། གཏོང་མཁན་དང་གཏང་ཡུལ་གྱི་ IP་ཁ་བྱང་སོགས་ཡོད།
འགོ་བརྗོད་ཞིབ་ལྟ་བྱེད་ཕྱོགས་ཀྱི་གོ་རིམ།
དང་པོ། ཁྱེད་རང་ལ་འབྱོར་བའི་ཡི་གེ་ཁོངས་སུ་ཕྱིན།
གཉིས་པ། པར་རིས་ནང་གསལ་བའི་ཚེག་གསུམ་ཅན་ཞིག་ཡོད་པ་དེའི་སྒང་ལ་གནོན།
གསུམ་པ། དེའི་ཁོངས་ནས། Show Originals་ཟེར་བའི་གདམ་ག་དེའི་སྒང་ལ་མནན་ཚེ། ཡིག་ཟམ་དེའི་ཡིག་ཆ་ངོ་མར་ཁྲིད་ཀྱི་ཡོད།
(ཕྱིར་ལོག་གི་ལམ་ཁ)Return-Path དང་From (ཡོངས་ཁུངས)དེ་འཚོལ་དགོས། གལ་ཏེ།Return-Path དང་་From གཉིས་ཀྱི་རྩ་བའི་ཡིག་ཟམ་གྱི་ཁ་བྱང་མཐུན་ཚེ། ཁྱེད་ལ་འབྱོར་བའི་ཡིག་ཟམ་དེ་ངོ་མ་ཡིན་པ་སྟོན་གྱི་ཡོད།
ཡོངས་ཁུངས་ཞིབ་བསྡུར། ཡིག་ཟམ་ཕྱིར་ལོག་གི་ཁ་བྱང་ངོ་མ།
ཡིག་ཟམ་ཕྱིར་ལོག་གི་ཁ་བྱང་ངོ་མ་དེ་Return-Path དང་། ཡང་ན། Reply-To ཡང་ན། Sender: སོགས་གང་རུང་ཞིག་ཡིན་ཆོག





