གྷོ་གྷིལ་བཟོ་ཚོང་ཁང་གིས་ཧྭ་ཝེ་དང་ཚོང་འབྲེལ་བཅད།

དེ་ཡང་གནས་ཚུལ་ཐོན་གསལ་ལྟར་ན། ཨ་རིའི་སྲིད་འཛིན་ཁྲི་རོམ་ཕུས་རྒྱ་ནག་གི་འཕྲུལ་རིག་བཟོ་ཚོང་ཁང་ཆེ་ཤོས་ཧྭ་ཝེ་(华为)དེ་ཨ་རིའི་རྒྱལ་སྲུང་བདེ་འཇགས་ལ་ཉེན་ཁ་ཡོད་པར་བརྗོད་དེ་བཀག་འགོག་བྱས་པ་ལ་བརྟེན་ནས། ད་ཆ་འཛམ་གླིང་གི་དྲ་བའི་བཟོ་ཚོང་ཁང་ཆེ་ཤོས་གྷོ་གྷལ་(谷歌)ཚང་གིས་ཧྭ་ཝེ་བཟོ་ཚོང་ཁང་ལ་ཚོང་འབྲེལ་བྱེད་རྒྱུ་མཚམས་འཇོག་བྱས་ཡོད་འདུག

ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་དམག་འཁྲུག་གི་ཁྲོད་ནས་བྱུང་བའི་གནད་དོན་འདིས། ཧྭ་ཝེ་བཟོ་ཚོང་ཁང་གི་ཕྱི་རྒྱལ་གྱི་ཚོང་ལས་ཁག་ལ་ཤུགས་རྐྱེན་སྤྲོད་ངེས་པ་ཚོད་དཔག་བྱེད་ཀྱིན་འདུག   གང་ཡིན་ཞེ་ན། ད་ནས་བཟུང་། ཧྭ་ཝེ་ཡོ་ཆས་ཁག་ལ་གྷོ་གྷིལ་བཟོ་ཚོང་ཁང་གི་ཨན་ཌོ་ཉེར་སྤྱོད་མ་ལག་(操作系统)གི་མཉེན་ཆས་གསར་སྣོན་བྱེད་པའི་གོ་སྐབས་དེ་མེད་པ་ཆགས་ཡོད།  ཨན་ཌོ་མ་ལག་ལ་རྒྱབ་རྟེན་བཅོལ་བའི་ཧྭ་ཝེ་ཁ་པར་ཁག་ལ་གྷོ་གྷིལ་བཟོ་ཚོང་ཁང་གི་མཉེན་ཆས་ཕབ་ལེན་གྱི་མཛོད་(Google Play 商店)དང་། ཇི་མེལ་གྱི་གློག་འཕྲིན་ཡིག་ཟམ་ཞབས་ཞུ།( Gmail 电邮) YouTube དྲ་བརྙན།ཁི་རོམ་བཤེར་ཆས་སོགས་(Chrome浏览器)ཀྱི་ཞབས་ཞུའང་རེག་ཐབས་མེད།

གྷོ་གྷལ་ཚང་གིས་ཧྭ་ཝེ་བཟོ་ཚོང་ཁང་ལ་མཉེན་ཆས་དང་འབྲེལ་བའི་འཕྲུལ་རིག་ལག་རྩལ་སྐོར་གྱི་་ཞབས་ཞུའི་རྒྱབ་སྐྱོར་དང་མཉམ་འབྲེལ་སོགས་ཀྱང་མཚམས་འཇོག་བྱེད་རྒྱུ་རེད་འདུག  འོན་ཀྱང་། སྔོན་མ་ནས་ཧྭ་ཝེ་ཁ་པར་བཀོལ་སྤྱོད་བྱེད་མཁན་ཚོས་ཨན་ཌོ་བཀོལ་ཆས་ཕབ་ལེན་གྱི་མཛོད་ནས་མཉེན་ཆས་ཁག་མུ་མཐུད་ནས་ཕབ་ལེན་བྱེད་ཐུབ་པ་མ་ཟད། ཁ་པར་གྱི་མ་ལག་ཀྱང་གསར་སྣོན་བྱེད་ཐུབ་ཀྱི་ཡོད་པ་བརྗོད་འདུག

ཉམས་ཞིབ་པ་ཁ་ཤས་ཀྱིས། གྷོ་གྷལ་ཚང་གི་ཐག་གཅོད་དེས་ཧྭ་ཝེ་བཟོ་ཚོང་ཁང་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་མི་ཐུབ་པའི་ངོས་འཛིན་བྱེད་ཀྱིན་འདུག   གང་ཡིན་ཞེ་ན།  གྷོ་གྷིལ་ཚང་གི་སྐུད་མེད་བཀོལ་ཆས་ཚང་མ་སྔོན་མ་ནས་རྒྱ་ནང་དུ་བཀག་འགོག་བྱས་ཡོད་ལ།དེ་དག་གི་ཚབ་ཏུ་ཐིན་ཞུན(腾讯)་དང་པད་ཏུའུ་(百度)སོགས་བཟོས་ཡོད་པ་རེད་ཅེས་རྩོད་སྒྲུབ་བྱེད་ཀྱི་འདུག

Leave a Reply

Your email address will not be published. Required fields are marked *